【སློབ་གསོ་མཁས་བརྒྱའི་དཔྱད་གླེང་།】ཚན་པ་འདིའི་ནང་དུ་བོང་སྟག་ཡུལ་གྱི་གཉེན་བཤད་ཅེས་པའི་དཔེ་དེབ་འཚོལ་སྡུད་ཀྱི་གོ་རིམ་དང་འབྲེལ་ནས༼བོད་ཀྱི་དམངས་སྲོལ་རིག་གནས་ལ་སློབ་ར་ནས་ཅི་ལྟར་དོ་སྣང་བྱེད་དགོས་པའི་སྐོར་གླེང་བ༽ཞེས་པ་བཀོད་སྒྲིག་བྱས་ཡོད་པ་དང་། གདན་ཞུའི་སྐུ་མགྲོན་མཚོ་ནུབ་ཁུལ་བརྙན་འཕྲིན་ཁང་གི་གསར་འགོད་པའམ་རྩོམ་པ་པོ་བོང་སྟག་རི་ལུ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་སངས་རྒྱས་དོན་གྲུབ་གཉིས་ཡིན།
【ངག་འཕྲིན་གཞོན་ནུའི་སེམས་སྒྲ】ཚན་པ་འདིའི་ནང་དུ་སྒྲ་སྡུད་འགྲམ་གྱི་ཉན་མཁན་གང་རུང་ལེ་ཚན་དུ་ཞུགས་ནས་རང་རང་གི་སྙིང་གཏམ་དང་སེམས་གཏམ་གླེང་ཆོག
ལེ་ཚན་འདིའི་གདན་ཞུའི་སྐུ་མགྲོན་རྩོམ་པ་པོ་བོང་སྟག་རི་ལུ།
ལེ་ཚན་འདིའི་གདན་ཞུའི་སྐུ་མགྲོན་མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་སངས་རྒྱས་དོན་གྲུབ།
མདོ་འཛིན་པ། གནམ་སྐྱབས་རྒྱལ།
རྩོམ་སྒྲིག་པ། གནམ་སྐྱབས་རྒྱལ།
རྩོམ་འགན་པ། ཚེ་མགོན།
ལྟ་སྐུལ་བ། དབྱངས་ཅན།
སྤྱིའི་ལྟ་སྐུལ་བ། རྣ་བྷ།
རྒྱ་ཆེའི་ཉན་མཁན་རྣམ་པར་བསམ་འཆར་དང་རེ་བ་ཅི་ཡོད་ན་སྐད་འཕྲིན་ཨང་གྲངསnjj169682 ལ་འབྲེལ་རྒྱུ་དང་ཡང་ན་ལེ་ཚན་འདིའི་མཇུག་གི་དཔྱད་གཏམ་སྤེལ་སར་བཀོད་ཆོག གཞུང་སྒྲུབ་ཁང་གི་ཁ་པར་ཨང་གྲངས།09716329322