སློབ་རའི་འགྱུར་ཁུགས་སྐབས༼༢༠༨༣༽འཛམ་གླིང་བྱིས་སྒྲུང་གྲགས་ཅན་བོད་འགྱུར་མ༼སྒེའུ་ཁུང་གམ་གྱི་ཐོ་ཐོ་མ།༽
2017.05.19 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 448

【སློབ་གསོ་མཁས་བརྒྱའི་དཔྱད་གླེང་།】ཚན་པ་འདིའི་ནང་དུ་འཛམ་གླིང་བྱིས་སྒྲུང་གྲགས་ཅན་བོད་འགྱུར་མ༼སྒེའུ་ཁུང་གམ་གྱི་ཐོ་ཐོ་མ༽ཞེས་པའི་འགྱུར་རྩོམ་ངོས་ཐད་ནས་བཅར་འདྲི་བྱས་ཡོད། གདན་ཞུའི་སྐུ་མགྲོན་ནི་འགྱུར་དེབ་ཀྱི་ལོ་ཙཱ་བ་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་གུར་མགོན་སྐྱབས་ལགས་ཡིན།
【སློབ་རའི་གསར་འགྱུར་སྐུད་ལམ】ཚན་པ་འདིའི་ནང་དུ་འདས་པའི་གཟའ་འཁོར་གཅིག་རིང་གི་སློབ་ར་སོ་སོའི་གསར་བྱུང་གནས་ཚུལ་ལ་རྒྱུས་ལོན་བྱས་ཡོད། ཐེངས་འདིར་མཉམ་ཞུགས་གནང་བའི་སློབ་རའི་གསར་འགོད་པ་དག་ནི་གཤམ་གསལ།
གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་གསར་འགོད་པ། བཀྲ་ཤིས་རབ་བརྟན།
ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་རའི་གསར་འགོད་པ། ཁྲང་མེ་སྐྱིད།
ལྷོ་ནུབ་མི་རིགས་སློབ་ཆེན་གྱི་གསར་འགོད་པ། ཡུམ་སྐྱབས་རྒྱལ།
【ངག་འཕྲིན་གཞོན་ནུའི་སེམས་སྒྲ།】ཚན་པ་འདིའི་ནང་དུ་བོད་སྐད་ཞང་ཡེས་སློབ་འབྲིང་གི་དགེ་རྒན་མགོན་དཀར་ཚེ་རིང་ལགས་ཀྱིས་སེམས་གཏམ་བརྗོད་ཡོད།

QQ图片20170519165800.png

མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་གུར་མགོན་སྐྱབས་ལགས།

IMG_3751.JPG

འཛམ་གླིང་བྱིས་སྒྲུང་གྲགས་ཅན་བོད་འགྱུར་མ༼སྒེའུ་ཁུང་གམ་གྱི་ཐོ་ཐོ་མ།༽ཞེས་པ།

QQ图片20170519165847.png

གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གིས་རྒྱལ་སྤྱིའི་སྨན་ཞབས་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་མཛད་སྒོའི་དགོང་ཚོགས་སྤེལ་བ།

QQ图片20170519165859.png
སློབ་གླིང་གི་སྨན་ཞབས་འཛིན་གྲྭས་སྨན་ཞབས་ཀྱི་ཀུན་སྤྱོད་འཁྲབ་སྟོན་བྱེད་བཞིན་པ།

IMG_3757.JPG
མངོན་བརྗོད་ཐ་སྙད་འབྲི་བའི་འགྲན་བསྡུར་ཁྲོད་ཨང་དང་པོ་ཐོབ་མཁན་གྱི་སློབ་གྲོགས་ཨྱོན་བཟང་པོ།
QQ图片20170519165933.png

བྱ་དགའ་ཐོབ་པའི་སློབ་གྲོགས་དག་གི་མཉམ་པར།

QQ图片20170519165946.png

IMG_3760.JPG
གངས་ཅན་མཛེས་རྩལ་ཚོགས་པས་བོད་ཀྱི་ཡིག་གཟུགས་དུས་ཆེན་གཏན་འབེབས་བྱེད་པ་དང་འབྲེལ་བའི་བྱེད་སྒོ་སྤེལ་བ།
IMG_3763.JPG

ལས་ཞུགས་དང་ལས་ལམ་གསར་འབྱེད་ཚོགས་པས་སློབ་ཆེན་སློབ་མ་དང་གསར་གཏོད་ལས་གཏོད་ཀྱི་ཚོགས་འདུའི་ཡུལ་དངོས།
QQ图片20170519171448.png

ད་ལོའི་དངོས་གཞིའི་མཐར་ཕྱིན་སློབ་མས་དཔྱད་རྩོམ་སྒྲོག་འདོན་བྱེད་བཞིན་པའི་ཡུལ་དངོས།

QQ图片20170519171431.png

སྙན་ངག་འགྲན་སྡུར་ཁྲོད་སློབ་གྲོགས་བཀྲ་ཤིས་ཚེ་རིང་གིས་སྙན་ངག་གྱེར་ཀློག་ཐད་ཀྱི་མྱོང་བ་བརྗོད་པ།
QQ图片20170519165833.png

བོད་སྐད་ཞང་ཡེས་སློབ་འབྲིང་གི་བོད་ཡིག་དགེ་རྒན་མགོན་དཀར་ཚེ་རིང་ལགས།

མདོ་མཛིན་པ་དང་རྩོམ་སྒྲིག་པ། བཀྲ་ཤིས་རྒྱ་མཚོ།

རྩོམ་འགན་པ། ཚེ་མགོན།

ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།

སྤྱིའི་ལྟ་སྐུལ་བ། རྣ་བྷ།