སློབ་རའི་འགྱུར་ཁུགས་སྐབས༼༢༠༨༩༽ མཐོ་རྒྱུགས་བྱ་བའི་སྐོར་གྱི་གྲ་སྒྲིག
2017.05.31 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 47

ཐེངས་འདིའི་ལེ་ཚན་གྱི་བརྗོད་གཞི་གཙོ་བོ་ནི་མཐོ་རྒྱུགས་བྱ་བའི་གྲ་སྒྲིག་སྐོར་གླེང་བ་ཞེས་པའི་ཁག་ལྔ་བ་ཡིན།
【སློབ་གསོ་མཁས་བརྒྱའི་དཔྱད་གླེང་།】ཚན་པ་འདིའི་ནང་དུ༼འབྲེལ་ཡོད་མཐོ་རྒྱུགས་ཀྱི་རྩོམ་ཡིག་འབྲི་སྟངས་ཐད་ཀྱི་བསམ་ཚུལ་ཐོར་བུ།༽ཞེས་པའི་ཁ་བྱང་ཞིག་གཏན་ཁེལ་བྱས་ཡོད། གདན་ཞུའི་སྐུ་མགྲོན་ནི་ཁྲི་ཀ་རྫོང་འཕྲང་དམར་མི་རིགས་བཅའ་སྡོད་སློབ་གྲྭའི་བོད་ཡིག་དགེ་རྒན་སྐལ་བཟང་བཀྲ་ཤིས་ལགས་ཡིན།
【ངག་འཕྲིན་གཞོན་ནུའི་སེམས་སྒྲ།】ཚན་པ་འདིའི་ནང་དུ༼མཐོ་རྒྱུགས་བྱ་བའི་གྲ་སྒྲིག་སྐོར་གླེང་བ༽ཞེས་པའི་བརྗོད་དོན་ལས་མ་འདས་པར། ད་ལོར་མཐོ་རྒྱུགས་ལ་ཞུགས་པའི་སློབ་གྲོགས་ཚོར་མཐོ་རྒྱུགས་ཐད་ཀྱི་ཉམས་མྱོང་ཁ་ཤས་བཤད་དུ་འཇུག་རྒྱུ་ཡིན། གདན་ཞུའི་སྐུ་མགྲོན་ནི་ནུབ་བྱང་མི་རིགས་སློབ་ཆེན་གྱི་མཐར་ཕྱིན་སློབ་མ་རིན་ཆེན་བཀྲ་ཤིས་དང་རྡོ་རྗེ་ཚེ་རིང་གཉིས་བཀོད་སྒྲིག་བྱས་ཡོད།

IMG_4032.JPG

སྐལ་བཟང་བཀྲ་ཤིས།
སྤྱི་ལོ༡༩ ༧༣ལོའི་ཟླ༧ པར་མདོ་སྨད་ཁྲི་ཀའི་འཕྲང་དམར་རྐང་ཚར་སྐྱེས། ༡༩༩༨ལོར་མཚོ་སྔོན་མི་རིགས་སློབ་ཆེན་གྱི་གྲངས་ཉུང་མི་རིགས་སྐད་ཡིག་སྡེ་ཁག་ནས་སློབ་མཐར་ཕྱིན་རྗེས་ཕ་ཡུལ་དུ་ལོག་ནས་དགེ་རྒན་གྱི་ལས་ཀར་ཞུགས། པུར་མིང་ལ་ཁྲི་སྐལ་བཀྲ་འབོད་ཅིང་། སྔ་ཕྱིར་ཞིང་ཆེན་ཕྱི་ནང་གི་དུས་དེབ་དང་ཚགས་པར་སོགས་ཀྱི་སྟེང་དུ་སྙན་རྩོམ་དང་ལྷུག་རྩོམ། དཔྱད་རྩོམ་བཅས་མང་པོ་སྤེལ་མྱོང་བ་དང་། དེ་དག་ལས་སྙན་རྩོམ་དང་ལྷུག་རྩོམ་ཁ་ཤས་ལ་ཁུལ་དང་ཞིང་ཆེན་རིམ་པའི་འགྲན་རྩོམ་བྱ་དགའ་ཐོབ་མྱོང་། ༢༠༡༠ལོར《ཁྲི་ཀའི་རྐང་ཚའི་ལོ་རྒྱུས་མཐོང་བ་དོན་ལྡན། 》ཞེས་པ་ཚོ་ཁག་གི་ལོ་རྒྱུས་སྐོར་དང་། ༢༠༡༢ལོར《རྨི་ལམ་གྱི་ཕོར་ཁ་རུ་ལྷུང་བའི་ཐིགས་པ།》ཞེས་པ་སྙན་རྩོམ་གྱི་སྐོར། ༢༠༡༦ལོར《རྨ་ཡུལ་རྐང་ཚའི་ལོ་རྒྱུས་གཡུ་ཡི་ཕྲེང་བ།》ཞེས་པ་ཚོ་ཁག་གི་ལོ་རྒྱུས་སྐོར་མཉམ་བསྒྲིགས་བྱས་པ་དཔར་དུ་སྐྲུན། མཚོ་ལྷོ་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་བོད་ཡིག་སློབ་དེབ་སྒྲིག་རྩོམ་ཚོགས་པའི་སྒྲིག་རྩོམ་མི་སྣ་དང་མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི། མཚོ་ལྷོ་ཁུལ་རིག་རྩལ་ཚོགས་པའི་ཚོགས་མི་བཅས་ཡིན། ད་ལྟ་ཁྲི་ཀ་རྫོང་འཕྲང་དམར་མི་རིགས་བཅའ་སྡོད་སློབ་ཆུང་དུ་བྱ་བ་སྒྲུབ་བཞིན་ཡོད།

QQ图片20170531144420.png

ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་གྲོགས་རིན་ཆེན་བཀྲ་ཤིས།

QQ图片20170531144438.png

ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་གྲོགས་རྡོ་རྗེ་ཚེ་རིང་།

མདོ་འཛིན་པ་དང་རྩོམ་སྒྲིག་པ།  བཀྲ་ཤིས་རྒྱ་མཚོ།

རྩོམ་འགན་པ།  ཚེ་མགོན།

ལྟ་སྐུལ་བ།  ཆོས་ཕྱུག་རྒྱལ།

སྤྱིའི་ལྟ་སྐུལ་བ། རྣ་བྷ།