སློབ་རའི་འགྱུར་ཁུགས་སྐབས༼༢༠༩༨༽པ། ༼ང་ནི་མཐར་ཕྱིན་སློབ་མ་ཞིག་ཡིན༽
2017.06.23 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 46

 【སློབ་རའི་གསར་འགྱུར་སྐུད་ལམ།】ཚན་པ་འདིའི་ནང་དུ་མཚོ་ལྷོ་ཁུལ་མཐོ་རིམ་སློབ་འབྲིང་གཉིས་པའི་སློབ་རའི་གསར་འགོད་པ་ལྷ་དཔལ་དང་གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་སློབ་རའི་གསར་འགོད་པ་བཀྲ་ཤིས་རབ་བརྟན། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་རའི་གསར་འགོད་པ་སངས་རྒྱས་རྒྱལ་སོགས་ལ་ཁ་པར་གྱི་སྐུད་ལམ་སྦྲེལ་ཏེ་གཟའ་འཁོར་གཅིག་རིང་གི་སློབ་རའི་གསར་འགྱུར་སྤེལ་ཡོད།

【སློབ་གསོ་མཁས་བརྒྱའི་དཔྱད་གླེང་།】ཚན་པ་འདིའི་ནང་དུ༼ང་ནི་མཐར་ཕྱིན་སློབ་མ་ཞིག་ཡིན༽ཞེས་པའི་གཉིས་པ་བཀོད་སྒྲིག་བྱས་ཡོད་པ་དང་། གདན་ཞུའི་སྐུ་མགྲོན་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་ད་ལོའི་མཐར་ཕྱིན་སློབ་མ་རྟ་མགྲིན་རྒྱལ་དང་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ད་ལོའི་མཐར་ཕྱིན་སློབ་མ་བསོད་ནམས་བློ་གྲོས་གཉིས་ཡིན།

【ང་ཡི་ལང་ཚོའི་རྨི་ལམ】ཚན་པ་འདིའི་ནང་དུ་སྒྲ་སྡུད་འགྲམ་གྱི་ཉན་མཁན་གང་རུང་ལེ་ཚན་དུ་ཞུགས་ནས་རང་རང་གི་ཆུང་དུས་ཀྱི་རྨི་ལམ་དང་ཕུགས་བསམ་གླེང་ཆོག

微信图片_20170623143014.jpg

ལེ་ཚན་འདིའི་གདན་ཞུའི་སྐུ་མགྲོན་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་ད་ལོའི་མཐར་ཕྱིན་སློབ་མ་ལོ་བ་རྟ་མགྲིན་རྒྱལ།

微信图片_20170623141422.jpg

ལེ་ཚན་འདིའི་གདན་ཞུའི་སྐུ་མགྲོན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ད་ལོའི་མཐར་ཕྱིན་སློབ་མ་བསོད་ནམས་བློ་གྲོས།

微信图片_20170623150341.jpg

མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པའི་བོད་ཡིག་ཁྲིད་དཔྱོད་ཁག་གིས་གཙོ་སྒྲུབ་མཛད་ཅིང་། མཐོ་གཉིས་རིམ་པའི་འཛིན་གྲྭ་སོ་སོས་འཁྲབ་སྟོན་བྱས་པའི་བསླབ་དེབ་དང་འབྲེལ་བའི་ཟློས་གར་འཁྲབ་གཞུང་གི་འཁྲབ་སྟོན་འགྲན་སྡུར།

གོང་གི་པར་འདི་དག་སློབ་རའི་གསར་འགོད་པ་ལྷ་དཔལ་རྒྱལ་གྱིས་འདོན་སྤྲོད་བྱས་པ་ཡིན།

微信图片_20170623142944.jpg

གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་གིས་རང་བྱུང་སྨན་ཆུ་ངོས་འཛིན་དང་ཞིབ་འཇུག་བྱེད་པའི་བྱ་འགུལ་སྤེལ་བ།

གོང་གི་པར་འདི་སློབ་རའི་གསར་འགོད་པ་བཀྲ་ཤིས་རབ་བརྟན་གྱིས་འདོན་སྤྲོད་བྱས་པ་ཡིན།

微信图片_20170623141515.jpg

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གསོ་རིག་སློབ་ཁྲིད་ཐོག་ཁང་འཇིགས་མེད་སྨན་རྩིས་འགྲོ་ཕན་གླིང་གི་དབུ་འབྱེད་མཛད་སྒོ།

微信图片_20170623142957.jpg

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་༢༠༡༧ལོའི་དབྱངས་ཅན་མགྲིན་སྒྲ་རྟགས་མའི་སྙན་ངག་གྱེར་འདོན་འགྲན་སྡུར།

微信图片_20170623142950.jpg

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་༢༠༡༦ནས༢༠༡༧ལོའི་བར་སློབ་སྐབས་གཉིས་རིང་གི་གཟའ་འཁོར་རེ་རེའི་གཟའ་ཕུར་བུའི་དམ་བཅའ་ཆེན་མོའི་སྤྱི་སྡོམ་དམ་བཅའ།

གོང་གི་པར་འདི་དག་སློབ་རའི་གསར་འགོད་པ་རུ་མང་འཕྲིན་ལས་ཀྱིས་འདོན་སྤྲོད་བྱས་པ་ཡིན།

མདོ་འཛིན་པ། གནམ་སྐྱབས་རྒྱལ།
རྩོམ་སྒྲིག་པ། གནམ་སྐྱབས་རྒྱལ།
རྩོམ་འགན་པ། ཚེ་མགོན།
ལྟ་སྐུལ་བ། དབྱངས་ཅན།
སྤྱིའི་ལྟ་སྐུལ་བ། རྣ་བྷ།
རྒྱ་ཆེའི་ཉན་མཁན་རྣམ་པར་བསམ་འཆར་དང་རེ་བ་ཅི་ཡོད་ན་གཤམ་གྱི་འབྲེལ་གནས་འདི་དག་སྦྲེལ་རོགས།

ཁ་པར། 09716329322 13209737776

སྐད་འཕྲིན། njj169682

ཡིག་ཟམ། niansai@126.com