སློབ་རའི་འགྱུར་ཁུགས་སྐབས༼༢༠༩༩༽ གཟའ་མཇུག་གི་ཆེད་སྒྲིག་ལེ་ཚན།
2017.06.30 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 31

 【སློབ་རའི་གསར་འགྱུར་སྐུད་ལམ།】ཚན་པ་འདིའི་ནང་དུ་སློབ་རའི་གསར་འགོད་པ་སོ་སོར་སྐུད་ལམ་སྦྲེལ་ནས་འདས་པའི་གཟའ་འཁོར་གཅིག་རིང་གི་སློབ་ར་སོ་སོའི་གསར་བྱུང་གནས་ཚུལ་ལ་རྒྱུས་ལོན་བྱས་ཡོད།
ཐེངས་འདིའི་གསར་འགོད་པ་དག་ནི།
གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གསར་འགོད་པ། སངས་རྒྱས་རྒྱལ།
གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་གསར་འགོད་པ། བཀྲ་ཤིས་རབ་བརྟན།
མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་རའི་གསར་འགོད་པ། འཇམ་དབྱངས།
ངག་འཕྲིན་གཞོན་ནུའི་སེམས་སྒྲ།】ཚན་པ་འདིའི་ནང་དུ་ཁ་བྱང་ལ༼བོད་ཀྱི་ལྷུག་རྩོམ་གསར་བའི་གནས་བབས་དང་ཁྱད་ཆོས་སྐོར་གྱི་གླེང་མོལ༽ཞེས་པ་བཀོད་སྒྲིག་བྱས་ཡོད། གདན་ཞུའི་སྐུ་མགྲོན་ནི་ནུབ་བྱང་མི་རིགས་སློབ་ཆེན་གྱི་བོད་སྐད་ཡིག་དང་རྩོམ་རིག་སློབ་གླིང་གི༢༠༡༦ལོའི་དེང་རབས་རྩོམ་རིག་གི་རབ་འབྱམས་སློབ་མ་ཨ་ཉི་རྡོར་བྷ་ཡིན།
ང་ཡི་ལང་ཚོའི་རྨི་ལམ།】ཚན་པ་འདིའི་ནང་དུ་ཕུགས་བསམ་དང་རྨི་ལམ་འཚོལ་སྙེག་གི་སླད་དུ་འབད་ཀྱིན་པའི་སློབ་གྲོགས་དག་གི་སྐུད་ལམ་བསུས་ཡོད།

ཐེངས་འདིའི་འབྲེལ་ཡོད་གསར་འགྱུར་གྱི་པར་རིས་མཁོ་སྤྲོད་བྱེད་མཁན་ནི་རུ་མང་འཕྲིན་ལས་ཡིན།

IMG_4997.JPG

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐ་སྙད་རྩོམ་སྒྲིག་ཚན་ཆུང་གིས་སྤེལ་བའི་ཐ་སྙད་གསར་བའི་འགྲན་སྡུར།

IMG_4998.JPG

གཟའ་འཁོར་འདིའི་ནང་རང་སློབ་གླིང་གི་སློབ་དཔོན་ཆེན་མོ་བཛྲ་ཚུལ་ཁྲིམས་རྒྱ་མཚོ་མཆོག་གིས་དགེ་སློབ་ཡོངས་ལ་བསམ་བློ་ཀུན་སྤྱོད་སྐོར་གྱི་འཆད་ཁྲིད་གནང་བ།

IMG_5009.JPG

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་༢༠༡༦ལོ་ནས་༢༠༡༧ལོའི་བར་གྱི་ཤེས་རིག་འགྲན་གླེང་སྤྱི་སྡོམ་གྱི་འགྲན་སྡུར་སྤེལ་བ།

   ཐེངས་འདིའི་གསར་འགྱུར་གྱི་འབྲེལ་ཡོད་པར་རིས་མཁོ་སྤྲོད་བྱེད་མཁན་ནི་བཀྲ་ཤིས་རབ་བརྟན་ཡིན།

IMG_4987.JPG

གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་སྐབས་བཅུ་གསུམ་པའི་སྨན་སྦྱོར་ལག་ལེན་དམར་ཁྲིད་ཡོངས་སུ་ལེགས་གྲུབ་བྱུང་།

IMG_4988.JPG

མགོ་ལོག་ཁུལ་དཔེ་མཛོད་ཁང་དང་གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གཉིས་ཀྱིས་མཉམ་བསྒྲུབས་བྱས་པའི་བོད་ལུགས་གསོ་རིག་སྐོར་གྱི་ཤེས་རིག་འགྲན་གླེང་།

IMG_4989.JPG

སྐབས་༼༨༠༽པའི་ཤེས་རིག་འགྲན་གླེང་ལས་བྱ་དགའ་ཐོབ་པའི་སློབ་གྲོགས་རྣམས་ཀྱི་མཉམ་པར།

IMG_4990.JPG

སློབ་གླིང་གི་གཟའ་འཁོར་ལྔའི་རིང་གི་དཔེ་ཀློག་སྤྱི་སྡོམ་ལས་ཕུལ་བྱུང་དཔེ་ཀློག་གི་མཚན་བྱང་ཐོབ་པའི་སློབ་གྲོགས་དག་གི་ལྷན་པར།

ཐེངས་འདིའི་འབྲེལ་ཡོད་གསར་འགྱུར་གྱི་པར་རིས་མཁོ་སྤྲོད་བྱེད་མཁན་འཇམ་དབྱངས་ཡིན།

IMG_5008.JPG

མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིགས་སློབ་ཆེན་པའི་ལས་སྒོ་གསར་སྤེལ་གྱི་ཉམས་མྱོང་བརྗེ་རེས་ཚོགས་འདུ་སྤེལ་བ།

IMG_4978(1).JPG

ནུབ་བྱང་མི་རིགས་སློབ་ཆེན་གྱི་བོད་སྐད་ཡིག་དང་རྩོམ་རིག་སློབ་གླིང་གི་རབ་འབྱམས་སློབ་མ་ཨ་ཉི་རྡོར་བྷ།

IMG_5014.JPG

ང་ཡི་ལང་ཚོའི་རྨི་ལམ་ནང་ཞུགས་པའི་སློབ་གྲོགས་རིན་ཆེན་ནོར་བུ་དང་གཡུ་འབྲུག་སྒྲོན་མ། ཀུན་དགའ་རྡོ་རྗེ་གསུམ་གྱི་མཉམ་པར།


མདོ་འཛིན་པ་རྩོམ་སྒྲིག་པ། བཀྲ་ཤིས་རྒྱ་མཚོ།

རྩོམ་འགན་པ། ཚེ་མགོན།

ལྟ་སྐུལ་བ། དབྱངས་ཅན།

སྤྱིའི་ལྟ་སྐུལ་བ། རྣ་བྷ།