སློབ་རའི་འགྱུར་ཁུགས་སྐབས༼༢༡༠༠༽ མཐོ་སློབ་ཁག་གི་དགེ་རྒན་གསུམ་ལ་བཅར་འདྲི་ཞུས་པ།
2017.07.03 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 55

 【ངག་འཕྲིན་གཞོན་ནུའི་སེམས་སྒྲ།】ཚན་པ་འདིའི་ནང་དུ་སློབ་ཆེན་གསུམ་གྱི་འབྲེལ་ཡོད་མི་སྣ་བརྒྱུད་དེ་ད་ལོའི་སློབ་ཆེན་སློབ་མ་བསྡུ་བའི་གནས་ཚུལ་དང་ཆེད་ལས་གསར་བའི་ཁ་ཕྱོགས་ཀྱི་ངོས་ཐད་ནས་བཅར་འདྲི་ཞུས་ཡོད། གདན་ཞུའི་སྐུ་མགྲོན་ནི་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་གླིང་གཙོ་གཞོན་པ་རྒན་ཟླ་བ་དང་། མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་ཆེད་སྦྱོང་པུའུ་ཡི་ཀྲུའུ་རེན་རྒན་རིན་ཆེན་ནོར་བུ། ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་གླིང་གཙོ་རྒན་ཀླུ་འབུམ་རྒྱལ་བཅས་ཡིན།
ང་ཡི་ལང་ཚོའི་རྨི་ལམ།】ཚན་པ་འདིའི་ནང་དུ་ཕུགས་བསམ་དང་རྨི་ལམ་འཚོལ་སྙེག་གི་སླད་དུ་འབད་ཀྱིན་པའི་སློབ་གྲོགས་དག་གི་སྐུད་ལམ་བསུས་ཡོད།

IMG_5152(20170703-下午122103).jpg

མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གི་གླིང་གཙོ་གཞོན་པ་རྒན་ཟླ་བ་ལགས། 

QQ图片20170703155452.png

རིན་ཆེན་ནོར་བུ། སྤྱི་ལོ1964ལོར་ཁྲི་ཀ་རྫོང་འཕྲང་དམར་དུ་སྐྱེས། སྤྱི་ལོ1984ལོར་མཚོ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་ནས་མཐར་ཕྱིན། སྤྱི་ལོ1988ལོར་མཚོ་སྔོན་མི་རིགས་སློབ་ཆེན་ནས་སློབ་མཐར་ཕྱིན་རྗེས་མཚོ་སྔོན་མི་རིགས་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭར་བགོས་ཏེ་དགེ་རྒན་གྱི་བྱ་བ་དོན་དུ་གཉེར། སྔ་རྗེས་སུ་བོད་ལྗོངས་སློབ་གྲྭ་ཆེན་མོ་དང་པེ་ཅིན་དགེ་འོས་སློབ་ཆེན་བཅས་སུ་སློབ་སྦྱོང་བྱས། སློབ་ཁྲིད་ཀྱི་ཞོར་དུ་བོད་ཀྱི་ལོ་རྒྱུས་གཙོ་བྱས་པའི་བོད་ཀྱི་རིག་གནས་སོགས་ལ་ཞིབ་འཇུག་བྱས་ཤིང་། 《ཀྲུང་གོའི་བོད་རིག་པ》དང《བོད་ལྗོངས་ཞིབ་འཇུག》《བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག》《བོད་ཀྱི་སློབ་གསོ》《རྩེར་སྙེག》《མཚོ་སྔོན་དགེ་འོས་སློབ་ཆེན་གྱི་རིག་གཞུང་དུས་དེབ》སོགས་དུས་དེབ་སྟེང་དུ་དཔྱད་རྩོམ་མང་པོ་སྤེལ། བརྩམས་ཆོས་ཀྱི་ཐད་ནས《བོད་ཀྱི་ལོ་རྒྱུས་སློབ་གཞི་བློ་གསར་འཇུག་པའི་འབབ་སྟེགས》དང《བོད་ཀྱི་ལོ་རྒྱུས་སྤྱི་དོན་ཀུན་གསལ་ནོར་བུའི་མེ་ལོང》《བོད་ཀྱི་ལོ་རྒྱུས》བཅས་ཡོད་ཅིང་། སྔ་མ་གཉིས་མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་བཅས་མི་རིགས་སློབ་གྲྭ་ཆེན་མོ་འགའ་དང་། ཕྱི་མ་དེ་དགོན་སྡེ་སྐོར་ཞིག་གིས་སློབ་དེབ་དུ་སྤྱོད་བཞིན་ཡོད། གཞན་ཡང《བོད་ཀྱི་རྩོམ་རིག་ལོ་རྒྱུས》དང《བོད་སྤྱི་བཤད》《བོད་ཀྱི་སྐད་ཡིག》བཅས་མཉམ་བསྒྲིགས་བརྩམས་ཆོས་ཀྱང་མང་པོ་ཡོད། ད་ལྟ་མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་དུ་སློབ་ཁྲིད་དང་ལོ་རྒྱུས་རིག་གནས་ཞིབ་འཇུག་བཅས་ལ་འབད་བཞིན་ཡོད་དོ། །

QQ图片20170703155506.png

གོང་བ་ཀླུ་འབུམ་རྒྱལ། ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་མཛོད་དགེ་ནས་སྐྱེས། སློབ་དཔོན་ཆེན་མོ་དང་ཤེས་རམས་ཞིབ་འཇུག་སློབ་མ་ཡིན། ད་ལྟ་ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཁག་གི་སྡེ་གཙོ་དང་བོད་ཀྱི་རྩོམ་རིག་ཞིབ་འཇུག་ཁང་གི་འགོ་གཙོ་ཡི་འགན་མཉམ་དུ་བཞེས་ཡོད། ལོ་ངོ་སུམ་ཅུ་ལྷག་གི་རིང་སློབ་གྲྭ་འདི་ནས་བོད་ཀྱི་བརྡ་རྙིང་དང་། བོད་ཀྱི་ལོ་རྒྱུས་སོགས་སློབ་ཁྲིད་གནང་ནས་སློབ་བུ་སྟོང་ཕྲག་དུ་མ་བསྐྱངས།《བོད་ཀྱི་བརྡ་རྙིང་སློབ་དེབ་སློབ་གསར་སྟོང་གི་འཇུག་སྒོ》དང་།《སློབ་གྲྭ་ཆུང་འབྲིང་གི་སློབ་མའི་རྒྱུན་མཁོའི་མིང་མཛོད》སོགས་སློབ་དེབ་དང་སློབ་ཁྲིད་ཡོ་བྱད་ཀྱི་དཔེ་དེབ་པོད་བརྒྱད་རྩོམ་སྒྲིག་མཛད།
ཀྲུང་གོའི་བོད་རིག་པ་དང་བོད་ལྗོངས་ཞིབ་འཇུག་སོགས་ཀྱི་སྟེང་རིག་གཞུང་དཔྱད་རྩོམ་ཉི་ཤུ་ལྷག་སྤེལ།《ཨམ་སྐད་དང་ཁམས་སྐད་ཀྱི་སྒྲ་གདངས་གཤིབ་བསྡུར》ཞེས་པ་དང་།《བོད་བརྒྱུད་ནང་བསྟན་གྱི་དགོན་སྡེའི་སློབ་གསོའི་ཐབས་ལམ》ཞེས་པ་སོགས་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་རིག་གཞུང་ཞིབ་འཇུག་གི་ལས་གཞིའི་གཙོ་འགན་བཞེས་ཡོད། ཁོང་ལ་ཀན་སུའུ་ཞིང་ཆེན་གྱི་ལྔ་གཅིག་ངལ་རྩོལ་བྱ་དགའ་དང་། ཀན་ལྷོ་ཁུལ་གྱི་ཤེས་ལྡན་མི་སྣ་ཕུལ་བྱུང་སོགས་ཀྱི་གཟེངས་བསྟོད་མང་པོ་ཐོབ་ཅིང་། ཁོང་གི་སློབ་ཁྲིད་ཀྱི་གྲུབ་འབྲས་དང་བརྩམས་ཆོས་སྐོར་ཞིག་ལ་ཀྲུང་གོའི་བོད་རིག་པ་ཇོ་མོ་གླང་མའི་བྱ་དགའ་དང་། ཀན་སུའུ་ཞིང་ཆེན་གྱི་སློབ་ཁྲིད་གྲུབ་འབྲས་ཕུལ་བྱུང་སོགས་ཀྱི་བྱ་དགའ་དང་གཟེངས་བསྟོད་ཐོབ་མྱོང་།

 མདོ་འཛིན་པ་དང་རྩོམ་སྒྲིག་པ།  བཀྲ་ཤིས་རྒྱ་མཚོ།

རྩོམ་འགན་པ།  ཚེ་མགོན།

ལྟ་སྐུལ་བ། དབྱངས་ཅན།

སྤྱིའི་ལྟ་སྐུལ་བ། རྣ་བྷ།