【སློབ་རའི་གསར་འགྱུར་སྐུད་ལམ།】ཚན་པ་འདིའི་ནང་དུ་འདས་པའི་གཟའ་འཁོར་གཅིག་རིང་གི་སློབ་རའི་གསར་བྱུང་གནས་ཚུལ་ལ་རྒྱུས་ལོན་བྱ་རྒྱུ་ཡིན།
ཐེངས་འདིའི་གསར་འགོད་པ། གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་གསར་འགོད་པ་བཀྲ་ཤིས་རབ་བརྟན་ཡིན།
【ང་ཡི་ལང་ཚོའི་རྨི་ལམ།】ཚན་པ་འདིའི་ནང་དུ༼ངའི་ཕུགས་བསམ་ཁྲོད་ཀྱི་སློབ་ཆེན་དང་སློབ་ཞུགས་ཀྱི་སྟ་གོན༽ཞེས་པའི་བརྗོད་གཞི་ཞིག་བཀོད་སྒྲིག་བྱས་ནས། ཕུགས་བསམ་དང་རྨི་ལམ་འཚོལ་སྙེག་ལ་རེ་བའི་སློབ་བུ་དག་གི་སྐུད་ལམ་བསུ་རྒྱུ་ཡིན། གདན་ཞུའི་སྐུ་མགྲོན་ནི་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་གྲོགས་བཀྲ་ཤིས་སྒྲོལ་མ་ཡིན།
【ངག་འཕྲིན་གཞོན་ནུའི་སེམས་སྒྲ།】ཚན་པ་འདིའི་ནང་དུ་༼ངའི་ཕུགས་བསམ་ཁྲོད་ཀྱི་སློབ་ཆེན་དང་སློབ་ཞུགས་ཀྱི་སྟ་གོན༽ཞེས་པའི་བརྗོད་གཞི་ཞིག་བཀོད་སྒྲིག་བྱས་ཡོད། གདན་ཞུའི་སྐུ་མགྲོན་ནི་དགེ་འོས་སློབ་ཆེན་གྱི་སློབ་གྲོགས་ལབ་སྒྲོན་རྡོ་རྗེ་ཡིན།
【སློབ་གསོ་མཁས་བརྒྱའི་དཔྱད་གླེང་།】ཚན་པ་འདིའི་ནང་དུ་༼སློབ་ཞུགས་སློབ་མར་གདམས་པའི་སེམས་དཀར་བསླབ་བྱ༽ཞེས་པའི་བརྗོད་གཞི་ཞིག་བཀོད་སྒྲིག་བྱས་ཡོད། གདན་ཞུའི་སྐུ་མགྲོན་ནི་ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་གྱི་དགེ་རྒན་སྙིང་ལྕགས་རྒྱལ་ལགས་ཡིན།
གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་སྐབས་བཅོ་ལྔ་བའི་བཀྲ་ཤིས་ཞོ་སྟོན་དུས་ཆེན།
རྒྱལ་ཡོངས་བོད་ལུགས་གསོ་རིག་བགྲོ་གླེང་འཚོགས་ཆེན་རྨ་ཡུལ་མགོ་ལོག་ཏུ་གཟབ་རྒྱས་ངང་བསྡུས་ཤིང་། དེར་ཕེབས་པའི་གསོ་དཔྱད་ཀྱི་བསྟན་པ་འཛིན་པའི་སྐྱེས་ཆེན་རྣམས་ཀྱང་ཆེད་དུ་ངེད་༼གངས་ལྗོངས་སྨན་གྲོང༽དུ་གཟིགས་ཞིབ་གནང་བར་ཕེབས་པ།
གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་དབུ་བརྙེས་ནས་བགྲང་བྱ་བཅོ་ལྔ་འཁོར་བའི་བཀྲ་ཤིས་འཁྲུངས་སྟོན་གྱི་མཛད་སྒོ་སྤེལ་བ།
མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་གྲོགས་གསར་བ་བཀྲ་ཤིས་སྒྲོལ་མ།
མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་གྲོགས་གསར་བ་ལབ་སྒྲོན་རྡོ་རྗེ།
ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་གྱི་དགེ་རྒན་སྙིང་ལྕགས་རྒྱལ་ལགས།
མདོ་འཛིན་པ་དང་རྩོམ་སྒྲིག་པ། བཀྲ་ཤིས་རྒྱ་མཚོ།
རྩོམ་འགན་པ། ཚེ་མགོན།
ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།
སྤྱིའི་ལྟ་སྐུལ་བ། རྣ་བྷ།