སློབ་རའི་འགྱུར་ཁུགས་སྐབས༼༢༠༡༨༽ངའི་འོས་འགན་དང་སློབ་གསོའི་ཐབས་ལམ།
2017.09.04 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 50

 【སློབ་གསོ་མཁས་བརྒྱའི་དཔྱད་གླེང་།】ཚན་པ་འདིའི་ནང་དུ་༼ངའི་འོས་འགན་དང་སློབ་གསོའི་ཐབས་ལམ༽ཞེས་པའི་བརྗོད་གཞི་ཞིག་བཀོད་སྒྲིག་བྱས་ཡོད། གདན་ཞུའི་སྐུ་མགྲོན་ནི་ཞིན་ཧེ་རྫོང་མི་རིགས་སློབ་འབྲིང་དང་པོའི་དགེ་རྒན་ཚེ་འབྲུག་རྒྱལ་དང་སྟོབས་ལྡན་ཚེ་རིང་གཉིས་ཡིན།

QQ图片20170904183102.png

ཚེ་འབྲུག་རྒྱལ། 1988ལོར་བྲག་དཀར་རྫོང་ཧོ་ཁ་གྲོང་བརྡལ་ནས་སྐྱེས། 2011ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་བོད་སྐད་ཡིག་རིག་གནས་སློབ་གླིང་ནས་མཐར་ཕྱིན། 2015ལོའི་ཟླ་བདུན་པར་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་བོད་རིག་པའི་སློབ་གླིང་ནས་རམ་འབྱམ་ཞིབ་འཇུག་སློབ་མ་ནས་མཐར་ཕྱིན། ད་ལྟ་བྲག་དཀར་རྫོང་མི་རིགས་སློབ་འབྲིང་དང་པོ་ན་ཕྱག་ལས་གནང་བཞིན་ཡོད།

IMG_6447.JPG

སྟོབས་ལྡན་ཚེ་རིང་། ༡༩༩༠ལོར་གསེར་ཆེན་རྫོང་ཆོས་རྗེ་ཡུལ་ཚོ་སྟོང་སྐོར་སྡེ་བར་སྐྱེས། ༡༩༩༩ལོར་ཕ་ཡུལ་གྱི་ཆོས་རྗེ་དཀྱིལ་སྙིང་སློབ་གྲྭ་རུ་ཞུགས་པ་དང་། ༢༠༠༣ ལོར་གསེར་ཆེན་རྫོང་མི་རིགས་སློབ་འབྲིང་ནས་དམའ་འབྲིང་དུ་ཞུགས། དེ་གར་སློབ་མཐར་ཕྱིན་རྗེས། ༢༠༠༦་ལོར་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོར་འགྲིམ་ལ། ༢༠༠༩ ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རང་སྦྱོང་འཛིན་གྲྭ་རུ་བོད་ཀྱི་རྩོམ་རིག་གི་ཆེད་ལས་ལ་སྦྱངས་བ་བྱས་། ༢༠༡༡ལོར་ཆེད་སྦྱོང་མཐར་ཕྱིན་རྗེས་ཕྱིར་མ་ཡུམ་སློབ་གྲྭ་རུ་ལོ་གསུམ་ལ་དགེ་རྒན་གྱི་བྱ་བ་གཉེར་ལ། ༢༠༡༤ ལོར་བྲག་དཀར་རྫོང་མི་རིགས་སློབ་འབྲིང་དང་པོ་རུ་ཡོང་ནས་ད་ལྟའི་བར་དུ་གནས་དེ་གར་དགེ་རྒན་གྱི་བྱ་བ་གཉེར་བཞིན་ཡོད།

མདོ་འཛིན་པ་དང་རྩོམ་སྒྲིག་པ། བཀྲ་ཤིས་རྒྱ་མཚོ།

རྩོམ་འགན་པ། ཚེ་མགོན།

ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།

སྤྱིའི་ལྟ་སྐུལ་བ།  རྣ་བྷ།