【སློབ་གསོ་མཁས་བརྒྱའི་དཔྱད་གླེང་།】ཚན་པ་འདིའི་ནང་དུ་ང་ཡི་སློབ་གྲྭ་དང་ངའི་སློབ་གསོའི་ཐབས་ལམ་ཞེས་པའི་གླེང་གཞི་ཞིག་བཀོད་སྒྲིག་བྱས་ཡོད་པ་དང་། གདན་ཞུའི་སྐུ་མགྲོན་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་གི་སློབ་གཙོ་དཀོན་མཆོག་ཚེ་བརྟན་ཡིན།
【ང་ཡི་ལང་ཚོའི་རྨི་ལམ】ཚན་པ་འདིའི་ནང་དུ་ལེ་ཚན་འདིར་གསན་བཞེས་གནང་མཁན་གྱི་གྲོགས་པོ་གང་རུང་ཞུགས་ནས་ཆུང་དུས་ཀྱི་རྨི་ལམ་དང་ཕུགས་བསམ། དགའ་ཕྱོགས་གང་རུང་གི་ངོས་ཐད་ནས་ཁ་བརྡ་བྱས་ཆོག
ལེ་ཚན་འདིའི་གདན་ཞུའི་སྐུ་མགྲོན་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་གི་སློབ་གཙོ་དཀོན་མཆོག་ཚེ་བརྟན།
དཀོན་མཆོག་ཚེ་བརྟན། སྤྱི་ལོ 1980 ལོར་མདོ་སྨད་ཤར་གྱི་ཆར་གཏོགས་པའི་ཨ་མཆོག་ཉི་མ་ལུང་དུ་སྐྱེས། ཕ་དྲིན་ཆེན་དགེ་རྒན་ཞིག་ཡིན་ཞིང་ལས་གནས་ཀླུ་ཆུ་རྫོང་དུ་ཡོད་པའི་རྗེས་འབྲངས་ཏེ་ཀླུ་ཆུ་ནས་འཚར་ལོངས་བྱུང་ཞིང་། དེ་རུ་སློབ་གྲྭ་ཆུང་འབྲིང་བརྒྱུད་དེ། 1995ལོར་གཙོས་བོད་རིགས་ཆེད་འབྲིང་སློབ་གྲྭར་ཞུགས།
1999 ལོར་སློབ་མཐར་ཕྱིན་རྗེས་མ་ཡུམ་སློབ་གྲྭ་སྟེ་ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་དུ་དགེ་རྒན་དཀོན་པའི་དབང་གིས་དགེ་རྒན་དམ་པའི་རེ་སྐུལ་ལྟར་དེ་རུ་དགེ་རྒན་གྱི་བགྱི་བ་དོན་དུ་གཉེར།
2001ལོ་ནས་2003ལོར་ནུབ་བྱང་དགེ་ཐོན་སློབ་ཆེན་དུ་སློབ་གཉེར་བྱས་ལ། ཕྱིར་ལོག་རྗེས། སླར་ཡང་སྐྱེ་དངོས་རྫས་གསུམ་དང་སྲིད་ལོ་ས་གསུམ། བོད་རྒྱ་ཡིག་རིགས་སོགས་གང་ལ་གང་བསྐོས་ལྟར་སློབ་ཁྲིད་ཧུར་བརྩོན་དང་། འཛིན་བདག་དང་གཞུང་ལས་གཙོ་འཛིན། སྲིད་སྟོན་དང་སློབ་སྟོན་སོགས་ཀྱི་འགན་ཡང་སྣ་ཚོགས་འཁུར་ཏེ་མི་ལོ་བཅུ་གསུམ་ལྷག་རིང་མཐོ་འབྲིང་རབས་དུ་མ་བསྐྱངས་ཏེ་ཀྲུང་དབྱང་སློབ་ཆེན་སོགས་སློབ་གྲྭ་ཆེན་མོ་དག་ལ་སྤྱོད་ཡོན་གཉིས་ལྡན་གྱི་སློབ་མ་མང་པོ་བསྐྱལ།
2012 ལོར་རྫོང་སློབ་གསོ་ཅུས་སུ་སློབ་གསོ་སྐུལ་ཁྲིད་པའི་འགན་འཛིན་པར་བསྐོས།
2013ལོར་ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་གི་སློབ་གཙོར་བསྐོས་པ་ནས། སློབ་གྲྭའི་འཕེལ་རྒྱས་ལ་རང་ནུས་ཅི་ལྕོགས་ཀྱིས་ནུས་ཤུགས་ཕུལ་དང་འབུལ་གྱིན་མཆིས།
མདོ་འཛིན་པ། གནམ་སྐྱབས་རྒྱལ།
རྩོམ་སྒྲིག་པ། གནམ་སྐྱབས་རྒྱལ།
རྩོམ་འགན་པ། ཚེ་མགོན།
ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།
སྤྱིའི་ལྟ་སྐུལ་བ། རྣ་བྷ།
རྒྱ་ཆེའི་ཉན་མཁན་རྣམ་པར་བསམ་འཆར་དང་རེ་བ་ཅི་ཡོད་ན་གཤམ་གྱི་འབྲེལ་གནས་འདི་དག་སྦྲེལ་རོགས།
ཁ་པར། 09716329322 13209737776
སྐད་འཕྲིན། njj169682
ཡིག་ཟམ། niansai@126.com