༼སློབ་རའི་གསར་འགྱུར་སྐུད་ལམ༽གྱི་ནང་དུ་མཚོ་སྔོན་མི་རིགས་སློབ་ཆེན་གྱི་རྡོ་རྗེ་དོན་གྲུབ་གྱིས་རང་སློབ་གྲྭའི་གསར་འགྱུར་ཐད་བཤད་བྱས་ཡོད།
༼སློབ་གསོ་མཁས་བརྒྱའི་དཔྱད་གླེང༽གི་ནང་དུ་མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་གྲོགས་ཕུར་དགའ་ཡིས་ཐེངས་འདིའི་དབྱར་གནང་གི་མཐོང་ཐོས་མྱོང་གསུམ་གླེང་ཡོད།
༼ང་ཡི་ལང་ཚོའི་རྨི་ལམ༽གྱི་ནང་དུ་མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་གྲོགས་རྡོ་རྗེ་དོན་གྲུབ་གྱིས་རང་གི་དགའ་ཕྱོགས་ཀྱི་ཐད་ནས་ཁ་བརྡ་བྱས་ཡོད།
སློབ་གྲོགས་ཕུར་དགའ།
སློབ་གྲོགས་རྡོ་རྗེ་དོན་གྲུབ་རྡོ་རྗེ་དོན་གྲུབ། ལོ་རབས་དགུ་བཅུའི་ནང་མདོ་སྨད་ཤར་མཐའི་་རོང་མ་འབྲོག་གི་ཁྱིམ་ཚང་ཕལ་བ་ཞིག་ཏུ་སྐྱེས། སྔ་རྗེས་སུ་སློབ་གྲྭ་ཆུང་འབྲིང་བརྒྱུད་དེ་ད་ལྟ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་དུ་སློབ་གཉེར་བྱེད་མུས་སུ་མཆིས། ཀན་ལྷོ་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི། སློབ་ཆེན་གྱི་དངོས་གཞིའི་བསླབ་བྱར་སློབ་གཉེར་གྱི་ཞོར་དུ་མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་སློབ་རའི་གསར་འགོད་པ་དང་། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་བོད་རིག་པའི་སློབ་གླིང་གི《ཁུག་རྟ》རྩོམ་སྒྲིག་ཚན་ཆུང་གི་གཙོ་འགན་ཀྱང་ཁུར་མྱོང་། གཞན་ཡང་རྩོམ་ཡིག་འབྲི་སྦྱོང་གི་དགའ་ཞེན་དང་དུ་བླངས་ཏེ་སློབ་ཆེན་གྱི་དངོས་གཞིའི་ལོ་རིམ་དང་པོ་ནས་སྦྱངས་རྩོམ་རེ་འགའ་བྲིས་ཏེ་ཞིང་ཆེན་ཕྱི་ནང་གི་རྩོམ་རིག་དུས་དེབ་སྟེང་དུ་བརྩམས་སྒྲུང་དང་། ལྷུག་རྩོམ། སྙན་ངག དཔྱད་རྩོམ། གཞས་ཚིག་སོགས་བརྩམས་ཆོས་བཅུ་ཕྲག་ལྷག《མཚོ་སྔོན་བོད་ཡིག་གསར་འགྱུར།》《བོད་ཀྱི་རྩོམ་རིག་སྒྱུ་རྩལ།》《མཚོ་སྔོན་པོ་རྩོམ་རིག་སྒྱུ་རྩལ།》《གངས་ལྗོངས་ཉི་གཞོན།》《གངས་དཀར་རི་བོ།》《མཚོ་ལྷོ་བོད་ཡིག་ཚགས་པར།》《ཀན་ལྷོའི་ཉིན་རེའི་ཚགས་པར།》《ཀྲུང་གོ་བོད་ཀྱི་དྲ་བ།》 《མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ།》སྟེང་དུ་སྤེལ།
རྩོམ་སྒྲིག་པ་དང་མདོ་འཛིན་པ ། འཆི་མེད་སྒྲོལ་མ།
རྩོམ་སྒྲིག་འགན་ཁུར་བ། ལྷ་བརྟན།
ཁྲིད་གཏོང་བ། བསམ་གྲུབ་འཚོ།
སྤྱི་ཁྱབ་ལྟ་སྐུལ་པ། རྣ་བྷ།
རྒྱ་ཆེའི་ཉན་མཁན་ཚོས་ང་ཚོ་སློབ་རའི་འགྱུར་ཁུགས་ལེ་ཚན་དུ་གསར་འགྱུར་སྐུར་ནQQ 1834307929ནང་དུ་སྐུར་རྒྱུ་དང་རེ་བ་དང་བསམ་འཆར་ཅི་ཡོད་ལེ་ཚན་འདིའི་མཇུག་གི་དཔྱད་གཏམ་སྤེལ་སར་འགོད་པར་དགའ་བསུ་ཞུ།
གཞུང་ལས་ཁང་། 0971 6329322
སྦྲག་སྲིད་ཨང་གྲངས། 810008 青海省西宁市西关大街81号青海人民广播电台藏语频率<<青春风景