སློབ་རའི་འགྱུར་ཁུགས་སྐབས༼༢༠༢༢༽གཞི་རིམ་སློབ་གསོའི་འོས་འགན་དང་སློབ་གསོའི་ཐབས་ལམ། ཁག་གཉིས་པ།
2017.09.14 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 49

 【སློབ་གསོ་མཁས་བརྒྱའི་དཔྱད།】ཚན་པ་འདིའི་ནང་དུ་༼གཞི་རིམ་སློབ་གསོའི་འོས་འགན་དང་སློབ་གསོའི་ཐབས་ལམ༽ཞེས་པའི་བརྗོད་གཞི་འདིའི་ཁག་གཉིས་པ་བཀོད་སྒྲིག་བྱས་ཡོད། གདན་ཞུའི་སྐུ་མགྲོན་ནི་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པའི་སློབ་དཔྱོད་དང་སློབ་ཁྲིད་ཀྱི་བྱ་བ་གཉེར་གྱིན་པའི་རྒན་ལྕགས་རྒྱལ་འབུམ་དང་རྡོ་རྗེ་འཇིགས་བྱེད་གཉིས་ཡིན།

QQ图片20170914140332.png

ལྕགས་རྒྱལ་འབུམ་མམ་སྒྲའི་ཀུན་བྱེད་ཀྱི་མིང་ལ་ཚངས་སྲས་རོལ་བའི་བློ་གྲོས་སུ་འབོད། མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མ་ཡིན་ལ། ལོ་ངོ་ཉི་ཤུ་ལྷག་གི་རིང་ལ་གཞི་རིམ་སློབ་གསོའི་དོ་དམ་དང་སློབ་གསོའི་སློབ་ཁྲིད་ཀྱི་ཉམས་མྱོང་ལྡན། ད་ལྟ་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པ་རུ་སློབ་དཔྱོད་དང་སློབ་ཁྲིད་ཀྱི་བྱ་བ་གཉེར་བཞིན་ཡོད།

QQ图片20170914140346.png

རྡོ་རྗེ་འཇིགས་བྱེད། ༡༩༩༢ལོར་ཁྲི་ཀ་རྫོང་འཕྲང་དམར་གྲོང་བརྡལ་འགག་བཟའ་སྡེ་བར་སྐྱེས། ༢༠༠༩ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་རིག་གནས་སློབ་གླིང་དུ་ཞུགས་ནས་བོད་ཀྱི་སྐད་ཡིག་རྩོམ་རིག་ལ་སློབ་སྦྱོང་བྱས། ༢༠༡༣ལོར་སློབ་མཐར་ཕྱིན་པ་དང་བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་གཞུང་སློབ་གླིང་དུ་ཞུགས་ནས་བོད་ཀྱི་རྩོམ་རིག་ལ་མུ་མཐུད་དུ་སློབ་གཉེར་བྱས། ༢༠༡༦ལོར་བསླབ་གནས་དཔྱད་རྩོམ<གཏམ་པདྨའི་ཚལ་གྱི་ཟློས་གར་ལ་དཔྱད་པ་དོན་ལྡན་གཟི་ཡི་ཕྲེང་བ>བྲིས་ནས་རབ་འབྱམས་པའི་མཚན་རྟགས་བླངས། སྔ་རྗེས་སུ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ་དང་གངས་རྒྱན་མེ་ཏོག་སོགས་སུ་དཔྱད་རྩོམ་དང་སྙན་ངག་ཁ་ཤས་སྤེལ། ད་ལྟ་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པར་སྐད་ཡིག་དགེ་རྒན་བྱེད་མུས་སུ་མཆིས།

མདོ་འཛིན་པ་དང་རྩོམ་སྒྲིག་པ།  བཀྲ་ཤིས་རྒྱ་མཚོ།

རྩོམ་འགན་པ། ཚེ་མགོན།

ལྟ་སྐུལ་བ། དབྱངས་ཅན།

སྤྱིའི་ལྟ་སྐུལ་བ། རྣ་བྷ།