སློབ་རའི་འགྱུར་ཁུགས་སྐབས༼༢༠༢༣༽པ། ༼ང་ཡི་སློབ་གྲྭ་དང་ངའི་སློབ་གསོའི་ཐབས་ལམ༽
2017.09.15 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 71

 【སློབ་རའི་གསར་འགྱུར་སྐུད་ལམ།】ཚན་པ་འདིའི་ནང་དུ་གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་སློབ་རའི་གསར་འགོད་པ་བཀྲ་ཤིས་རབ་བརྟན་དང་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་རའི་གསར་འགོད་པ་བཀྲ་ཤིས་གཉིས་ཀྱིས་གཟའ་འཁོར་གཅིག་རིང་གི་སློབ་རའི་གསར་འགྱུར་ཁ་པར་གྱི་སྐུད་ལམ་བརྒྱུད་ནས་སྤེལ་ཡོད།
【སློབ་གསོ་མཁས་བརྒྱའི་དཔྱད་གླེང་།】ཚན་པ་འདིའི་ནང་དུ༼ང་ཡི་སློབ་གྲྭ་དང་ངའི་སློབ་གསོའི་ཐབས་ལམ༽ཞེས་པའི་གླེང་གཞིའི་ཁག་གཉིས་པ་བཀོད་སྒྲིག་བྱས་ཡོད་པ་དང་། གདན་ཞུའི་སྐུ་མགྲོན་ཀན་ལྷོ་ཁུལ་རྨ་ཆུ་རྫོང་བོད་རིགས་བཅའ་སྡོད་མཐོ་རིམ་སློབ་འབྲིང་གི་སློབ་གཙོ་གཞོན་པ་སྐལ་བཟང་བཟོད་པ་ལགས་ཡིན།

微信图片_20170914181354.jpg

ལེ་ཚན་འདིའི་གདན་ཞུའི་སྐུ་མགྲོན་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་རྨ་ཆུ་རྫོང་བོད་རིགས་བཅའ་སྡོད་མཐོ་རིམ་སློབ་གྲྭའི་སློབ་གཙོ་གཞོན་པ་སྐལ་བཟང་བཟོད་པ།

སྐལ་བཟང་བཟོད་པ། 1967ལོའི་ཧོར་ཟླ་དགུ་བའི་ཚེས་བཅོ་ལྔའི་ཉིན།
རྨ་ཆུའི་དངུལ་རྭ་ཞེས་པའི་འབྲོག་སྡེ་དེར་ལང་ཚོའི་མྱུ་གུ་ཐོག་མར་འབུས། ཆུང་དུས་རང་ཁྱིམ་དུ་ཕ་རྒན་གྱི་དྲུང་ནས་བོད་ཡིག་འབྲི་ཀློག་བྱང་ཆུབ་པར་སྦྱངས། རིམ་གྱིས་སློབ་གྲྭ་ཆུང་འབྲིང་སོགས་འགྲིམས་པའི་སྐལ་བ་ལྡན། 1986ལོར་ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གྲྭའི་ཆེས་ཐོག་མའི་སློབ་མའི་གྲས་སུ་རྒྱུགས་འཕྲོད་དེ་བཤེས་གཉེན་དུ་མའི་གསུང་གི་བདུད་རྩི་མྱངས་པའི་བསྐལ་བ་ཤར་བ་མ་ཟད། བོད་ཀྱི་རིག་གཞུང་ཁག་ལ་སྦྱངས་པ་མི་དམན་པ་བྱས། སྐབས་འདི་ལ་གསུམ་བཟང་སློབ་མ་དང་རྒྱུགས་འབྲས་ལེགས་པའི་བྱ་དགའ་སོགས་ཐེངས་དུ་མར་བླངས། ལོ་ངོ་བཞིའི་སློབ་གཉེར་མཇུག་རྫོགས་རྗེས། རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་དུ་གདན་ཞུའི་དགེ་རྒན་བྱས། 1994ལོ་ནས་ལོ་ངོ་གཉིས་ཀྱི་ཡུན་ལ་ནུབ་བྱང་དགེ་ཐོན་སློབ་གྲྭ་ཆེན་མོ་རུ་གསབ་སྦྱོང་དུ་སོང་། ཞོར་དུ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དར་མའི་སློབ་གླིང་ནས་རང་སྦྱོང་གི་དངོས་གཞིའི་ཡོན་གནས་ཀྱི་དཔང་ཡིག་བླངས། 2004ལོར། རྫོང་ཡོངས་ཀྱིས་མི་དོན་སྒྲིག་སྲོལ་བསྒྱུར་བཅོས་བྱ་སྐབས་རྫོང་བོད་རིགས་སློབ་འབྲིང་གི་དགེ་རྒན་ལ་རྒྱུགས་བླངས་ཏེ་ཨང་དང་པོའི་ཆོ་ལོ་ཐོབ་པས། སླར་ཡང་དགེ་རྒན་གྱི་ལས་ཀར་ཞུགས། 2005ལོ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གི་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་དེ་ཧྲོ་ཧྲི་རབ་འབྱམས་སློབ་མའི་ཐོབ་ཐང་བླངས། སློབ་མཐར་ཕྱིན་རྗེས་ཕྱིར་རང་སར་འོང་སྟེ་དགེ་རྒན་གྱི་བྱ་བ་གཉེར། 2009ལོར། རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་གི་སློབ་གཙོ་གཞོན་པར་བསྐོ་བཞག་བྱས། 2014ལོ་ནས་སློབ་གྲྭ་འདིའི་དམའ་འབྲིང་དང་མཐོ་འབྲིང་གཉིས་སོ་སོར་ཕྱེ་སྟེ་སློབ་གྲྭ་གཉིས་སུ་གྱུར། 2015ལོ་ནས་རྨ་ཆུ་རྫོང་བོད་རིགས་བཅའ་སྡོད་མཐོ་རིམ་སློབ་འབྲིང་གི་སློབ་གཙོ་གཞོན་པར་བསྐོས། ལོ་ངོ་འདི་དག་གི་རིང་ལ་གཙོ་བོ་མཐོ་འབྲིང་གི་བོད་སྐད་ཡིག་གི་སློབ་ཁྲིད་ཀྱི་འགན་ཁུར་བ་ཡིན།

གཞན་ལོ་ངོ་འདི་དག་གི་རིང་ལ་ཞིང་ཆེན་ཕྱི་ནང་གི་དུས་དེབ་ཁག་ཏུ་བོད་ཀྱི་བརྡ་སྤྲོད་དང་ལོ་རྒྱུས། རིག་གནས་བཅས་ཀྱི་སྐོར་ནས་དཔྱད་རྩོམ་མི་ཉུང་བ་སྤེལ། རྒྱལ་སྤྱིའི་གེ་སར་རིག་གནས་དཔྱད་གླེང་ཚོགས་འདུ་སྐབས་དྲུག་པ་དང་། བོད་ལྗོངས་ཞང་ཞུང་རིག་གནས་བགྲོ་གླེང་ཚོགས་འདུ་ཐེངས་གཉིས་པ་སོགས་སུ་ཞུགས་ཏེ་དཔྱད་རྩོམ་སྒྲོག་སྦྱངས་བྱས། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་དང་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་སོགས་སུ་རིག་གཞུང་འཆད་ཁྲིད་བྱས། 2017ལོར། ཞིང་ཆེན་དང་ལྗོངས་ལྔའི་བསླབ་གཞི་རྩོམ་སྒྱུར་གཞུང་ལས་ཁང་གིས་མཐོ་འབྲིང་བོད་སྐད་ཡིག་བསླབ་དེབ་ཀྱི་འདེམ་སྦྱོང་དང་ངེས་སྦྱོང་བསླབ་དེབ་གཉིས་རྩོམ་སྒྲིག་བྱས་ཡོད་པར། ཀན་ལྷོ་ཕྱོགས་ཀྱི་ཞུས་ཆེན་མི་སྣར་གདན་ཞུ་བྱས་ཏེ། ཞུ་དག་གི་འགན་ཁུར།
གཞན་ཡང་ལོ་འདི་འགའི་རིང་ལ་སློབ་གསོ་དང་འབྲེལ་ཡོད་ཀྱི་ཞིང་ཆེན་ཕྱི་ནང་གི་བྱ་དགའ་གང་མང་ཐོབ་མྱོང་བ་མ་ཟད། 2017ལོའི་ཟླ་9བར་ཀན་ལྷོ་ཁུལ་རིམ་པའི་མིང་གྲགས་ཅན་གྱི་བོད་ཡིག་དགེ་རྒན་གྱི་མཚན་སྙན་ཐོབ།

微信图片_20170915143104.jpg

གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་སློབ་སྐབས་གཅིག་གི་ཐོག་མའི་སྟ་གོན་དང་དམག་རྩལ་སྦྱོང་བསྡུར།

微信图片_20170915143536.jpg

དགེ་རྒན་དུས་ཆེན་ཉིན་མོར་ཁུལ་དཔོན་དང་འགོ་ཁྲིད་རྣམ་པས་སློབ་གླིང་དུ་གཟིགས་ཞིབ་དང་མཛུབ་སྟོན་གནང་བ།

གོང་གི་པར་འདི་དག་གང་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་སློབ་རའི་གསར་འགོད་པ་བཀྲ་ཤིས་རབ་བསྟན་གྱིས་འདོན་སྤྲོད་བྱས།

微信图片_20170915143029.jpg

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་ཟླ་འདིའི་ཚེས་དགུ་ཉིན་ད་ལོའི་གསར་ཞུགས་སློབ་མ་བསྡུས་པ།

微信图片_20170915143040.jpg

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དང་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་གཉིས་ཀྱི་དགེ་རྒན་དང་ལས་བཟོ་བ་ཚང་མས་རྩྭ་ཐང་བུ་མོའི་སློབ་གྲྭ་ནས་དགེ་རྒན་དུས་ཆེན་ལ་རོལ་བ་དང་སློབ་མ་རྣམས་ཀྱིས་དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་འོད་ཁང་སོགས་བཤམས་པ།

微信图片_20170915143056.jpg

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་པེ་ཅིན་ཧོང་གོང་རྟ་མཆོག་ཚོགས་པས་མ་དངུལ་སྒོར་ཁྲི་སུམ་བརྒྱ་སུམ་ཅུ་བཏང་ནས་གསར་བཞེངས་བྱས་པའི་སློབ་ཁྲིད་ཐོག་ཁང་ལེགས་འགྲུབ་ཀྱི་དགའ་སྟོན་མཛད་སྒོ་སྤེལ་བ།

གོང་གི་པར་འདི་དག་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གསར་འགོད་པ་རྒན་རུ་མང་འཕྲིན་ལས་ཀྱིས་འདོན་སྤྲོད་བྱས་པ་ཡིན།

མདོ་འཛིན་པ། གནམ་སྐྱབས་རྒྱལ།
རྩོམ་སྒྲིག་པ། གནམ་སྐྱབས་རྒྱལ།
རྩོམ་འགན་པ། ཚེ་མགོན།
ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།
སྤྱིའི་ལྟ་སྐུལ་བ། རྣ་བྷ།
རྒྱ་ཆེའི་ཉན་མཁན་རྣམ་པར་བསམ་འཆར་དང་རེ་བ་ཅི་ཡོད་ན་གཤམ་གྱི་འབྲེལ་གནས་འདི་དག་སྦྲེལ་རོགས།

ཁ་པར། 09716329322 13209737776

སྐད་འཕྲིན། njj169682

ཡིག་ཟམ། niansai@126.com