༼ང་ཡི་ལང་ཚོའི་རྨི་ལམ༽གྱི་ནང་དུ་སམ་བྷོ་ཊ་བརྡ་འཕྲིན་ཚན་རྩལ་ཚད་ཡོད་ཀུང་སིའི་འགན་ལེན་པའམ་སྤྱི་གཉེར་བ་སློབ་གྲོགས་ཚེ་རིང་བསམ་འགྲུབ་གདན་ཞུ་བྱས་ཏེ་སྐབས་གསུམ་པའི་རྒྱལ་ཡོངས་ཀྱི་སློབ་ཆེན་སློབ་མའི་ལས་སྒོ་གསར་སྤེལ་ཁྲོད་དངུལ་གྱི་རྟགས་མ་ཐོབ་པའི་མྱོང་ཚོར་དང་འགྲན་བསྡུར་ལ་ཞུགས་པའི་གོ་རིམ་བཅས་ཁ་བརྡ་བྱས་ཡོད།
༼སློབ་གསོ་མཁས་བརྒྱའི་དཔྱད་གླེང༽གི་ནང་དུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་རིན་ཆེན་ཉི་མ་བསྟན་འཛིན་གྱིས་རང་གི་དཔེ་ཀློག་གི་མྱོང་བ་གླེང་ཡོད།
མཚོ་སྔོན་སམ་བྷོ་ཊ་བརྡ་འཕྲིན་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་ལ་སྐབས་གསུམ་པའི་ཀྲུང་གོའི་སློབ་ཆེན་སློབ་མའི་ལས་སྒོ་གསར་སྤེལ་གྱི་རྒྱལ་ཡོངས་གཏིང་རྩོད་འགྲན་བསྡུར་ཁྲོད་དངུལ་གྱི་རྟགས་མ་ཐོབ།
སྐབས་གསུམ་པའི་ཀྲུང་གོའི་སློབ་ཆེན་སློབ་མའི་ལས་སྒོ་གསར་སྤེལ་གྱི་རྒྱལ་ཡོངས་གཏིང་རྩོད་འགྲན་བསྡུར་ཟླ་༩བའི་ཚེས་༡༦ཉིན་ཞིས་ཨན་གྲོང་ཁྱེར་ཞིས་ཨན་གློག་རྡུལ་ཚན་རྩལ་སློབ་ཆེན་དུ་བསྡུས། ཐེངས་འདིའི་འགྲན་བསྡུར་ལ་རྒྱལ་ཡོངས་ཀྱི་སློབ་ཆེན་༢༣༣དང་རུ་ཁག་ཁྲི་༣༧ལྷག བསྡོམས་མི་གྲངས་ཁྲི་༡༥༠ཐེངས་འདིའི་འགྲན་བསྡུར་ལ་ཞུགས་ཡོད་པ་དང་། དེས་ཁྲོད་རུ་ཁག་༡༡༩རྒྱལ་ཡོངས་ཀྱི་གཏིང་རྩོད་འགྲན་བསྡུར་ནང་ཚུད། མཚོ་སྔོན་སམ་བྷོ་ཊ་བརྡ་འཕྲིན་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་ལ་ཞིང་ཆེན་ཡོངས་ཀྱི་གསེར་གྱི་རྟགས་མ་འཐོབ་ནས་རྒྱལ་ཡོངས་གཏིང་རྩོད་འགྲན་བསྡུར་ནང་ཚུད་པ་དང་མཐར་རྒྱལ་ཡོངས་དངུལ་གྱི་རྟགས་མའི་བྱ་དགའ་འཐོབ། མིག་སྔར་འགྲན་བསྡུར་འདིའི་སྟེང་མཚོ་སྔོན་གྱི་ཐོལ་བརྒལ་གྲུབ་འབྲས་སུ་ཆགས།
སམ་བྷོ་ཊ་བརྡ་འཕྲིན་ཚན་རྩལ་ཚད་ཡོད་ཀུང་སིའི་འགན་ལེན་པའམ་སྤྱི་གཉེར་བ་སློབ་གྲོགས་ཚེ་རིང་བསམ་འགྲུབ།
སམ་བྷོ་ཊ་བརྡ་འཕྲིན་ཚན་རྩལ་ཚད་ཡོད་ཀུང་སི།
དགེ་རྒན་རིན་ཆེན་ཉི་མ་བསྟན་འཛིན་ལགས།
རྩོམ་སྒྲིག་པ་དང་མདོ་འཛིན་པ ། འཆི་མེད་སྒྲོལ་མ།
རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།
ཁྲིད་གཏོང་བ། ཕག་མོ་སྒྲོལ་མ།
ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།
སྤྱི་ཁྱབ་ལྟ་སྐུལ་པ། རྣ་བྷ།
རྒྱ་ཆེའི་ཉན་མཁན་ཚོས་ང་ཚོ་སློབ་རའི་འགྱུར་ཁུགས་ལེ་ཚན་དུ་གསར་འགྱུར་སྐུར་ནQQ 1834307929ནང་དུ་སྐུར་རྒྱུ་དང་རེ་བ་དང་བསམ་འཆར་ཅི་ཡོད་ལེ་ཚན་འདིའི་མཇུག་གི་དཔྱད་གཏམ་སྤེལ་སར་འགོད་པར་དགའ་བསུ་ཞུ།
གཞུང་ལས་ཁང་། 0971 6329322
སྦྲག་སྲིད་ཨང་གྲངས། 810008 青海省西宁市西关大街81号青海人民广播电台藏语频率<<青春风景线 >>栏目