【སློབ་རའི་གསར་འགྱུར་སྐུད་ལམ།】ཚན་པ་འདིའི་ནང་དུ་འདས་པའི་གཟའ་འཁོར་གཅིག་རིང་གི་སློབ་ར་སོ་སོའི་གསར་བྱུང་གནས་ཚུལ་ལ་རྒྱུས་ལོན་བྱས་ཡོད།
ཐེངས་འདིའི་སློབ་རའི་གསར་འགོད་པ་དག་ནི།
གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་རའི་གསར་འགོད་པ། ལི་ཐང་ཕུན་ཚོགས།
མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་རའི་གསར་འགོད་པ། འགྱུར་མེད་རྒྱ་མཚོ།
མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་རའི་གསར་འགོད་པ། འཇམ་དབྱངས།
ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་རའི་གསར་འགོད་པ། ཁྲང་མེ་སྐྱིད།
【ང་ཡི་ལང་ཚོའི་རྨི་ལམ།】ཚན་པ་འདིའི་ནང་དུ་མཚོ་སྔོན་སློབ་ཆེན་གྱི་སློབ་རའི་གླུ་བ་དཔལ་ལྡན་རིན་ཆེན་གྱི་གླུ་ལེན་ཆེད་ཚོགས་༼མ་ཡུམ་སློབ་གྲྭར་ཕུལ་བའི་དྲིན་བཟོ་དབྱངས་ཀྱི་མཆོད་པ༽ཞེས་པ་བསྡུས་པའི་ཡུལ་དངོས་བཅར་འདྲི་ཁག་བཀོད་སྒྲིག་བྱས་ཡོད། དེ་མིན་ནུབ་བྱང་མི་རིགས་དགེ་ཐོན་སློབ་ཆེན་གྱི་སློབ་གྲོགས་པདྨས་ལུས་རྩལ་ཐད་ནས་བླངས་པའི་གྲུབ་འབྲས་དང་ཕུགས་བསམ་གླེང་རྒྱུ་ཡིན།
ཐེངས་འདིའི་འབྲེལ་ཡོད་གསར་འགྱུར་གྱི་པར་རིས་མཁོ་སྤྲོད་གནང་མཁན། རྒན་རུ་མང་འཕྲིན་ལས་ཡིན།
གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་འཇིགས་མེད་སྨན་རྩིས་འགྲོ་ཕན་གླིང་གིས་གསོ་རིག་ཆེད་སྦྱོང་སློབ་མ་རྣམས་ལ་བདུད་རྩི་ལྔ་ལུགས་ལག་ལེན་དངོས་དམར་ཁྲིད་བྱས་པ་དང་དགེ་རྒན་ལྡོང་ཡོན་ཏན་རྒྱ་མཚོ་ཚང་སོགས་ཀྱིས་སྨན་སྒྲུབ་རབ་གནས་མཛད་པ།
གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་འཇིགས་མེད་སྨན་རྩིས་འགྲོ་ཕན་གླིང་དུ་ད་ལྟ་བོད་ལྗོངས་སུ་སློབ་གཉེར་བྱེད་བཞིན་པའི་རང་སློབ་གྲྭའི་གསོ་རིག་ཆེད་སྦྱོང་མཐར་ཕྱིན་སློབ་མ་བརྩོན་འགྲུས་གྱིས་གསོ་བ་རིག་པའི་སྒོར་གྱི་འཆད་ཁྲིད་བྱས་པ།
གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་རྒྱུན་སྲོལ་ལྟར་ཁ་སང་གཟའ་ཕུར་བུའི་ཕྱི་དྲོར་ཤེས་རིག་འགྲན་གླེང་སྐབས་༣༦༤བ་སྤྲོ་དགའི་ངང་ཚོགས་པ།
ཐེངས་འདིའི་འབྲེལ་ཡོད་གསར་འགྱུར་གྱི་པར་རིས་མཁོ་སྤྲོད་གནང་མཁན། འགྱུར་མེད་རྒྱ་མཚོ་ཡིན།
ཐེངས་འདིའི་ཚོགས་ཞུགས་ལྷན་རྒྱས་ཀྱི་མཉམ་པར།
མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཆེད་ལས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མའི་ལྟེ་གནས་བཙུགས་ནས་ལོ་འཁོར་བཅུ་ལོན་པའི་དྲན་གསོའི་རིག་གཞུང་བགྲོ་གླེང་ཚོགས་འདུའི་ཡུལ་དངོས།
ཐེངས་འདིའི་འབྲེལ་ཡོད་གསར་འགྱུར་གྱི་པར་རིས་མཁོ་སྤྲོད་གནང་མཁན། འཇམ་དབྱངས་ཡིན།
མཚོ་སྔོན་མི་རིགས་སློབ་ཆེན་གྱིས་དགེ་ཐོན་སློབ་མའི་སློབ་ཁྲིད་འགྲན་བསྡུར་སྤེལ་བ།
སློབ་རའི་ན་གཞོན་གླུ་བ་དཔལ་ལྡན་རིན་ཆེན་གྱི་གླུ་ལེན་ཆེད་ཚོགས་༼མ་ཡུམ་སློབ་གྲྭར་ཕུལ་བའི་དྲིན་བཟོ་དབྱངས་ཀྱི་མཆོད་པ༽ཞེས་པ་མཚོ་སྔོན་སློབ་ཆེན་ནས་ཚོགས།
ཐེངས་འདིའི་ཆེད་ཚོགས་ལ་དཔུང་རོགས་སུ་འོངས་པའི་བོད་ཁུལ་གྱི་གཞས་པ་གཞས་མ་དག་གི་མཉམ་པར།
སློབ་རའི་ན་གཞོན་གླུ་བ་དཔལ་ལྡན་རིན་ཆེན།
པེ་ཅིང་རྒྱལ་སྤྱིའི་མ་ལ་སོན་རྒྱུག་འགྲན་གྱི་ཡུལ་དངོས་རྣམ་པ།
༢༠༡༧ལོའི་པེ་ཅིང་རྒྱལ་སྤྱིའི་མ་ལ་སོན་རྒྱུག་འགྲན་དང་རྒྱལ་ཡོངས་ཀྱི་རྒྱལ་ཁའི་འགྲན་བསྡུར་ཁྲོད་རྒྱལ་སྤྱིའི་ཨང་བཅུ་གཉིས་དང་རྒྱལ་ཡོངས་ཀྱི་ཨང་དང་པོ་ཐོབ་པའི་ནུབ་བྱང་མི་རིགས་དགེ་ཐོན་སློབ་ཆེན་གྱི་སློབ་གྲོགས་པདྨ།
སློབ་གྲོགས་པདྨས་ལུས་རྩལ་ཐད་ནས་བླངས་པའི་གྲུབ་འབྲས་དང་ཕུགས་བསམ་བརྗོད་བཞིན་པ།
མདོ་འཛིན་པ་རྩོམ་སྒྲིག་པ། བཀྲ་ཤིས་རྒྱ་མཚོ།
རྩོམ་འགན་པ། ཚེ་མགོན།
ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།
སྤྱིའི་ལྟ་སྐུལ་བ། རྣ་བྷ།