【ང་ཡི་ལང་ཚོའི་རྨི་ལམ།】ཚན་པ་འདིའི་ནང་དུ་༼ སློབ་ཆེན་སློབ་མའི་ལས་སྒོ་གསར་སྤེལ་དང་འབྲེལ་བའི་གཏམ ༽ ཞེས་པའི་བརྗོད་གཞི་ཞིག་བཀོད་སྒྲིག་བྱས་ཡོད། གདན་ཞུའི་སྐུ་མགྲོན་ནི་མཚོ་སྔོན་གངས་ལྗོངས་གཅེས་ནོར་འགན་འཁྲི་ཚད་ཡོད་མཐུན་གཉེར་ཁང་གི་ཚོང་རའི་ལས་འཛིན་པ་ཏིང་འཛིན་རྡོ་རྗེ་ཡིན།
【ངག་འཕྲིན་གཞོན་ནུའི་སེམས་སྒྲ།】ཚན་པ་འདིའི་ནང་དུ་༼ སློབ་ཆེན་སློབ་མའི་ལས་སྒོ་གསར་སྤེལ་གྱི་ལམ་ཁ་ཇི་ལྟར་བསྙེག་དགོས་ཚུལ།༽ ཞེས་པའི་བརྗོད་གཞི་ཞིག་བཀོད་སྒྲིག་བྱས་ཡོད། གདན་ཞུའི་སྐུ་མགྲོན་ནི་མཚོ་སྔོན་ནོ་མ་ངྷི་རྒྱལ་སྤྱིའི་ཚོང་འབྲེལ་སྤྱི་གཉེར་ཁང་གི་འགན་འཛིན་པ་རྡོ་རྗེ་ཚེ་རིང་། གླེང་གཞིའི་ནང་དོན་གཙོ་བོ་ནི་ཐོན་སྐྱེད་བྱེད་བཞིན་པའི་རྒྱལ་ཁབ་རིམ་པའི་ཚད་ལྡན་ཐོན་སྐྱེད་གངས་ལྗོངས་གཅེས་ནོར་རྟགས་ཅན་གྱི་མཐོ་སྒང་འབྲི་མོ་འོ་མའི་ཐོན་རྫས་དག་ཚབ་ཚོང་བྱས་ཏེ་ད་ལྟ་ཟི་ལིང་གྲོང་ཁྱེར་གྱི་ཚོང་ར་སོ་སོར་བཀྲམ་པའི་གནས་ཚུལ་སྐོར་ཡིན།
རྒྱལ་ཁབ་རིམ་པའི་ཚད་ལྡན་ཐོན་སྐྱེད་གངས་ལྗོངས་གཅེས་ནོར་རྟགས་ཅན་གྱི་མཐོ་སྒང་འབྲི་མོ་འོ་མའི་ཐོན་རྫས་དག
གངས་ལྗོངས་གཅེས་ནོར་རྟགས་ཅན་གྱི་མཐོ་སྒང་འབྲི་མོ་འོ་མའི་ཐོན་རྫས་དག་ཟི་ལིང་གི་ཚོང་ཁྲོམ་ཆེ་ཤོས་སུ་བཀྲམ་པའི་ཟུར་ཞིག
མཚོ་སྔོན་ནོ་མ་ངྷི་རྒྱལ་སྤྱིའི་ཚོང་འབྲེལ་སྤྱི་གཉེར་ཁང་གི་ཚབ་ཚོང་ཐོན་རྫས།
མཚོ་སྔོན་གངས་ལྗོངས་གཅེས་ནོར་འགན་འཁྲི་ཚད་ཡོད་མཐུན་གཉེར་ཁང་གི་ཚོང་རའི་ལས་འཛིན་པ་ཏིང་འཛིན་རྡོ་རྗེ་དང་མཚོ་སྔོན་ནོ་མ་ངྷི་རྒྱལ་སྤྱིའི་ཚོང་འབྲེལ་སྤྱི་གཉེར་ཁང་གི་འགན་འཛིན་པ་རྡོ་རྗེ་ཚེ་རིང་གཉིས་ཀྱི་མཉམ་པར།
མདོ་འཛིན་པ་དང་རྩོམ་སྒྲིག་པ། བཀྲ་ཤིས་རྒྱ་མཚོ།
རྩོམ་འགན་པ། ཚེ་མགོན།
ལྟ་སྐུལ་བ། དབྱངས་ཅན།
སྤྱིའི་ལྟ་སྐུལ་བ། རྣ་བྷ།