སློབ་རའི་འགྱུར་ཁུགས་སྐབས༼ ༢༡༣༡༽ གཟའ་མཇུག་གི་ཆེད་སྒྲིག་ལེ་ཚན།
2017.10.10 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 23

 【སློབ་རའི་གསར་འགྱུར་སྐུད་ལམ།】ཚན་པ་འདིའི་ནང་དུ་འདས་པའི་གཟའ་འཁོར་གཅིག་རིང་གི་སློབ་ར་སོ་སོའི་གསར་བྱུང་གནས་ཚུལ་ལ་རྒྱུས་ལོན་བྱ་རྒྱུ་ཡིན།
ཐེངས་འདིའི་གསར་འགོད་པ་ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ལི་ཐང་ཕུན་ཚོགས་ཡིན།
སློབ་གསོ་མཁས་བརྒྱའི་དཔྱད་གླེང་།】ཚན་པ་འདིའི་ནང་དུ༼  སློབ་གྲྭ་ཆུང་འབྲིང་གི་སློབ་མའི་བོད་ཡིག་གི་རྩོམ་ཡིག་འབྲི་ཐབས་སྐོར་བཤད་པ།༽ ཞེས་པའི་བརྗོད་གཞི་ཞིག་བཀོད་སྒྲིག་བྱས་ཡོད། གདན་ཞུའི་སྐུ་མགྲོན་ནི་མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་དགེ་རྒན་ཆེན་མོ་རྟ་མགྲིན་རྒྱལ་ལགས་ཡིན།
ངག་འཕྲིན་གཞོན་ནུའི་སེམས་སྒྲ།】ཚན་པ་འདིའི་ནང་དུ་༼  དངོས་སྦྱོང་གི་མཐོང་ཐོས་མྱོང་གསུམ། ༽ ཞེས་པའི་བརྗོད་གཞི་ཞིག་བཀོད་སྒྲིག་བྱས་ཡོད།
ང་ཡི་ལང་ཚོའི་རྨི་ལམ།】ཚན་པ་འདིའི་ནང་དུ་ཕུགས་བསམ་དང་རྨི་ལམ་འཚོལ་སྙེག་ལ་བྲེལ་བའི་སློབ་བུ་དག་གི་སྐུད་ལམ་བསུས་ཡོད།

ཐེངས་འདིའི་འབྲེལ་ཡོད་གསར་འགྱུར་གྱི་པར་རིས་མཁོ་སྤྲོད་གནང་མཁན་རུ་མང་འཕྲིན་ལས་ཡིན།

IMG_7275.JPG 

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ལུས་རྩལ་འགྲན་ཚོགས་སྐབས་ཉེར་གསུམ་པའི་ཐོག་མའི་མཛད་སྒོའི་རྣམ་པ།

IMG_7276.JPG

མཆོང་རྒྱུགས་འཕེན་གསུམ་སོགས་ལུས་རྩལ་གྱི་རྣམ་པ།

IMG_7278.JPG

བྱ་དགའ་གནང་བའི་གོ་རིམ།

IMG_7280.JPG

ཐེང་འདིའི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ལུས་རྩལ་འགྲན་ཚོགས་སྐབས་ཉེར་གསུམ་པར་འཛིན་གྲྭ་སོ་སོས་ཆེད་དུ་ཕུལ་བའི་ལུས་རྩལ་རི་མོ་བདམས་ཐོན།

IMG_7281.JPG

སྟག་རིག་རྟ་མགྲིན་རྒྱལ་ནི། མདོ་སྨད་མཚོ་སྔོན་པོའི་ལྷོ་རྒྱུད་དུཡོད་པའི་ཁྲི་ཀ་རྫོང་སྟག་རིག་སྡེ་བའི་མི་ཡིན་ཞིང་། ད་ལྟ་མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཁག་ཏུ་རབ་འབྱམས་པའི་མཛུབ་སྟོན་དགེ་རྒན་སོགས་དགེ་རྒན་གྱི་ཕྱག་ལས་གཉེར་བཞིན་དུ་མཆིས། སྔ་གཞུག་ཏུ་ནུབ་བྱང་མི་རིགས་སློབ་ཆེན་དུ་འགྲིམས་ནས་བོད་ཀྱི་རྩོམ་རིག་དང་སྐད་ཡིག་གི་ཞིབ་འཇུག་སློབ་མའི་མཚན་བཏགས་དང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་བོད་རིག་པའི་ཆེད་ལས་ཀྱི་ནང་ཚན་ཆོས་ལུགས་ལོ་རྒྱུས་ཞིབ་འཇུག་གི་འབུམ་རམས་པའི་མཚན་བཏགས་བླངས། ༢༠༡༡ལོར་ཨི་ཏ་ལིའི་ན་པོལ་ལི་སི་ཤར་ཕྱོགས་སློབ་གྲྭ་ཆེན་མོར་སོང་ནས་ལོ་ཕྱེད་རིང་རིག་གཞུང་སྤེལ་རེས་ཀྱི་བྱ་བ་གཉེར། ཀྲུང་གོའི་བོད་རིག་པ་གཙོ་བྱས་པའི་རིག་གཞུང་དུས་དེབ་ཁག་ཏུ《གེ་སར་སྒྲུང་ལས་བསྟན་པའི་བོད་ཀྱི་བླའི་རིག་གནས་ལ་དཔྱད་པ》སོགས་ཀྱིས་མཚོན་པའི་དཔྱད་རྩོམ་ཉི་ཤུ་ལྷག་སྤེལ་ཡོད་པ་དང་། ཞིབ་འཇུག་གི་དཔེ་ཆ་ལ《ཁྲི་ཀའི་ཨ་མྱེས་ཡུལ་ལྷའི་བོད་ལུགས་དད་མོས་ཞིབ་འཇུག》ཅེས་པ་བརྩམས་ཡོད། རང་གིས་གཙོ་འབྲི་བྱེད་པའི་རྒྱལ་ཁབ་རིམ་པའི་ལས་གཞི་ལ《མདོ་སྨད་ཡུལ་དུ་བིན་ཆཱང་དད་མོས་དར་བའི་ལོ་རྒྱུས་དང་མིག་སྔའི་གནས་བབ་ལ་དཔྱད་པ》ཞེས་བྱ་བ་དང་། གཞན་ཡང་རྒྱལ་ཁབ་རིམ་པའི་ལས་གཞི་སྟེ《བོད་ཡིག་ཆུ་ཚད་འཇལ་རྒྱུགས》དང་། 《མདོ་དབུས་མཐོ་སྒང་གི་རི་ཆུ་རིག་གནས་དང་ཁོར་ཡུག་སྲུང་སྐྱོབ》སོགས་ལས་གཞི་དུ་མ་ལ་མཉམ་ཞུགས་ཀྱིས་ཞིབ་འཇུག་བྱེད་བཞིན་ཡོད། མིག་སྔར་གྱི་ཞིབ་འཇུག་གི་ཁ་ཕྱོགས་ལ་བོད་ཀྱི་དམངས་ཁྲོད་དད་མོས་དང་ཡུལ་སྲོལ་རིག་གནས་ཀྱི་སྐོར་སྲོག་སྙིང་དུ་བཟུང་ནས་གང་འབད་གནང་བཞིན་པའི་སྐབས་སོ།།

མདོ་འཛིན་པ་དང་རྩོམ་སྒྲིག་པ། བཀྲ་ཤིས་རྒྱ་མཚོ།

རྩོམ་འགན་པ། ཚེ་མགོན།

ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།

སྤྱིའི་ལྟ་སྐུལ་བ། རྣ་བྷ།