【སློབ་གསོ་མཁས་བརྒྱའི་དཔྱད་གླེང་།】ཚན་པ་འདིའི་ནང་དུ་ཟླ10བའི་ཚེས་21ཉིན་མཚོ་སྔོན་སློབ་ཆེན་གསོ་རིག་འབུམ་རམས་བསླབ་གནས་བཙུགས་ནས་བགྲང་བྱ10འཁོར་བའི་རྗེས་དྲན་རིག་གཞུང་བགྲོ་གླེང་ཚོགས་འདུ་དང་འབྲེལ་བའི་བཅར་འདྲི་བཀོད་སྒྲིག་བྱས་ཡོད་པ་དང་། གདན་ཞུའི་སྐུ་མགྲོན། བོད་ལུགས་གསོ་རིག་སློབ་གླིང་གི་སློབ་ཁྲིད་དོ་དམ་པུའུ་ཡི་ཀྲུའུ་རིན་དཔལ་ཆེན་གསང་བདག་དང་བོད་ཀྱི་གསོ་རིག་བསླབ་གནས་ཀྱི་དྲུང་ཡིག་ཕུན་ཚོགས་རྡོ་རྗེ་གཉིས་ཡིན།
【ང་ཡི་ལང་ཚོའི་རྨི་ལམ།】ཚན་པ་འདིའི་ནང་དུ་སྒྲ་སྡུད་འགྲམ་གྱི་ཉན་མཁན་གང་རུང་ཞུགས་ནས་རང་རང་གི་ཆུང་དུས་ཀྱི་རྨི་ལམ་དང་ཕུགས་བསམ་གླེང་ཡོད།
མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་འབུམ་རམས་བསླབ་གནས་བཙུགས་ནས་བགྲང་བྱ་༡༠འཁོར་བའི་རྗེས་དྲན་རིག་གཞུང་བགྲོ་གླེང་ཚོགས་འདུ།
སློབ་གླིང་གི་གླིང་གཙོ། འབུམ་རམས་ཞིབ་འཇུག་སློབ་མའི་མཛུབ་སྟོན་སློབ་དཔོན་བྱ་མདོ་ཀླུ་བྱམས་རྒྱལ་གྱིས་འབུམ་རམས་བསླབ་གནས་ཀྱི་བྱ་བའི་སྤྱི་སྡོམ་སྙན་ཞུ་འབུལ་བཞིན་པ།
ལེ་ཚན་འདིའི་གདན་ཞུའི་སྐུ་མགྲོན་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་སློབ་ཁྲིད་དོ་དམ་པུའི་ཀྲུའུ་རིན་རྒན་དཔལ་ཆེན་གསང་བདག༼དཀྱིལ༽དང་བོད་ཀྱི་གསོ་རིག་བསླབ་གནས་ཀྱི་དྲུང་ཡིག་རྒན་ཕུན་ཚོགས་རྡོ་རྗེ༼གཡས༽གཉིས།
ལེ་ཚན་འདིའི་ང་ཡི་ལང་ཚོའི་རྨི་ལམ་དུ་ཞུགས་པའི་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་ཡན་ལག་སེར་ཤུལ་ལས་གཉེར་སློབ་གྲྭའི་དགེ་རྒན་ཐུབ་བསྟན་བློ་གསལ།
མདོ་འཛིན་པ། གནམ་སྐྱབས་རྒྱལ།
རྩོམ་སྒྲིག་པ། གནམ་སྐྱབས་རྒྱལ།
རྩོམ་འགན་པ། ཚེ་མགོན།
ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།
སྤྱིའི་ལྟ་སྐུལ་བ། རྣ་བྷ།
རྒྱ་ཆེའི་ཉན་མཁན་རྣམ་པར་བསམ་འཆར་དང་རེ་བ་ཅི་ཡོད་ན་གཤམ་གྱི་འབྲེལ་གནས་འདི་དག་སྦྲེལ་རོགས།
ཁ་པར། 09716329322 13209737776
སྐད་འཕྲིན། njj169682
ཡིག་ཟམ། niansai@126.com