【སློབ་རའི་གསར་འགྱུར་སྐུད་ལམ།】ཚན་པ་འདིའི་ནང་དུ་འདས་པའི་གཟའ་འཁོར་གཅིག་རིང་གི་སློབ་ར་སོ་སོའི་གསར་བྱུང་གནས་ཚུལ་ལ་རྒྱུས་ལོན་བྱ་རྒྱུ་ཡིན།
ཐེངས་འདིའི་གསར་འགོད་པ་དག་ནི།
གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་གསར་འགོད་པ། གཡང་ཕྱུག་རྒྱལ།
ནུབ་བྱང་མི་རིགས་སློབ་ཆེན་གྱི་གསར་འགོད་པ། ཁྲང་མེ་སྐྱིད།
【སློབ་གསོ་མཁས་བརྒྱའི་དཔྱད་གླེང་།】ཚན་པ་འདིའི་ནང་དུ་༼ རང་གི་དཔེ་ཀློག་དང་འབྲེལ་དེ་ལོ་རྒྱུས་སྐོར་གྱི་དཔེ་ཀློག་ཇི་ལྟར་བྱེད་ཚུལ་སྐོར་གླེང་བ།༽ ཞེས་པའི་ཁ་བྱང་ཞིག་བཀོད་སྒྲིག་བྱས་ཡོད། གདན་ཞུའི་སྐུ་མགྲོན་ནི་ནུབ་བྱང་མི་རིགས་སློབ་ཆེན་གྱི་བོད་སྐད་ཡིག་སློབ་གླིང་གི་2016ལོའི་ལོ་རྒྱུས་ཆེད་ལས་ཀྱི་ཞིབ་འཇུག་སློབ་མ་སྐལ་བཟང་སྐྱིད་ཡིན།
ཐེངས་འདིའི་འབྲེལ་ཡོད་གསར་འགྱུར་གྱི་པར་རིས་མཁོ་སྤྲོད་གནང་མཁན་གཡང་ཕྱུག་རྒྱལ་ཡིན།
ཏང་གི་ཚོགས་ཆེན་བཅུ་དགུ་པ་སྤྲོ་སེམས་ལྡན་པའི་ངང་བསུས་པ།
གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གིས་བོད་ཀྱི་དངུལ་ཁབ་རིག་པའི་གསབ་སྦྱོང་འཛིན་གྲྭ་བསྡུས་པ།
མིང་ལ་སྐལ་བཟང་སྐྱིད་ཟེར་ཞིང་། ཕ་ཡུལ་ཀན་ལྷོ་རྨ་ཆུ་ནས་ཡིན། ད་ལྟ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་རིག་གནས་སློབ་གླིང་གི་ཞིབ་འཇུག་སློབ་མ་ཡིན། ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་ནི་བོད་ཀྱི་ལོ་རྒྱུས་དང་བརྡ་རྙིང་ཡིག་ཆའི་སྐོར་ཡིན།
མདོ་འཛིན་པ་དང་རྩོམ་སྒྲིག་པ། བཀྲ་ཤིས་རྒྱ་མཚོ།
རྩོམ་འགན་པ། ཚེ་མགོན།
ལྟ་སྐུལ་བ། དབྱངས་ཅན།
སྤྱིའི་ལྟ་སྐུལ་བ། རྣ་བྷ།