【ང་ཡི་ལང་ཚོའི་རྨི་ལམ།】ཚན་པ་འདིའི་ནང་དུ་༼ང་ཡི་སློབ་གཉེར་གྱི་གོ་རིམ་དང་ལས་སྒོ་གསར་སྤེལ་གྱི་ལམ་ཁར་ཞུགས་པའི་གཏམ་རྒྱུད།༽ཅེས་པའི་ཁ་བྱང་ཞིག་བཀོད་སྒྲིག་བྱས་ཡོད། གདན་ཞུའི་སྐུ་མགྲོན་ནི་ནུབ་བྱང་མི་རིགས་སློབ་ཆེན་རྒྱུན་མཐུད་སློབ་གླིང་གི་དགེ་རྒན་དང་༼ཤེས་རབ་སྒྲོན་མེ༽དཔེ་ཚོང་ཁང་གི་འགན་འཛིན་པད་མ་དོན་གྲུབ་ལགས་ཡིན།
【ངག་འཕྲིན་གཞོན་ནུའི་སེམས་སྒྲ།】ཚན་པ་འདིའི་ནང་དུ་མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་དགེ་རྒན་ལྕགས་ཐར་རྒྱལ་ལགས་ཀྱིས་བརྩམས་པའི་༼བསྟན་བཅོས་བཟང་བོ་མི་ཚེ་གཏན་གྱི་གྲོགས༽ཞེས་པའི་བརྩམས་ཆོས་འདི་བཀོད་སྒྲིག་བྱས་ཡོད།
པད་མ་དོན་གྲུབ༼གཡུ་ལྗང་སྐྱེས༽༡༩༩༡ལོར་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བཱ་ཙེ་རྫོང་གཡུ་འབྲུག་མདོ་སྡེ་བར་རོང་འབྲོག་དཀྱུས་མ་ཞིག་གི་ཁྱིམ་ཚང་ནས་འཚར་ལོངས་བྱུང་ཞིང་།སློབ་གྲྭ་ཆེ་འབྲིང་ཆུང་གསུམ་འགྲིམས་ཏེ་༢༠༡༥ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་ནས་སློབ་མཐར་ཕྱིན།ད་ལྟ་ནུབ་བྱང་མི་རིགས་སློབ་ཆེན་རྒྱུན་མཐུད་སློབ་གླིང་ན་དགེ་རྒན་གྱི་བྱ་བ་གཉེར་ཞོར་དུ་༼ཤེས་རབ་སྒྲོན་མེ་༽དཔེ་ཚོང་ཁང་གིས་ལས་འགན་འཁུར་ཡོད།
༼ ཤེས་རབ་སྒྲོན་མེ༽ དཔེ་ཚོང་ཁང་།
དཔེ་ཚོང་ཁང་གི་ཟུར་ཞིག
མདོ་འཛིན་པ་དང་རྩོམ་སྒྲིག་པ། བཀྲ་ཤིས་རྒྱ་མཚོ།
རྩོམ་འགན་པ། ཚེ་མགོན།
ལྟ་སྐུལ་བ། དབྱངས་ཅན།
སྤྱིའི་ལྟ་སྐུལ་བ། རྣ་བྷ།