【སློབ་རའི་གསར་འགྱུར་སྐུད་ལམ།】ཚན་པ་འདིའི་ནང་དུ་འདས་པའི་གཟའ་འཁོར་གཅིག་རིང་གི་སློབ་ར་སོ་སོའི་གསར་བྱུང་གནས་ཚུལ་ལ་རྒྱུས་ལོན་བྱ་རྒྱུ་ཡིན། ཐེངས་འདིའི་གསར་འགོད་པ།
གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་གསར་འགོད་པ། གཡང་ཕྱུག་རྒྱལ།
གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གསར་འགོད་པ། ལི་ཐང་ཕུན་ཚོགས།
【སློབ་གསོ་མཁས་བརྒྱའི་དཔྱད་གླེང་།】ཚན་པ་འདིའི་ནང་དུ་༼ ཁྲི་ཀའི་རྫོང་མགོ་ནས་ཐོན་པའི་གནའ་བོའི་བྲག་བརྐོས་རི་མོ་ལ་དཔྱད་པ།༽ ཞེས་པ་བཀོད་སྒྲིག་བྱས་ཡོད། གདན་ཞུའི་སྐུ་མགྲོན་ནི་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་མགོན་པོ་ཚེ་རིང་ལགས་ཡིན།
【ངག་འཕྲིན་གཞོན་ནུའི་སེམས་སྒྲ།】ཚན་པ་འདིའི་ནང་དུ་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་སྒྲུབ་གནང་ཞིང་། མཚོ་སྔོན་དགེ་འོས་སློབ་ཆེན་གྱིས་འགན་སྒྲུབ་གནང་བའི་རྒྱལ་ཡོངས་ཀྱི་ཐེངས་དང་པོའི་བོད་ཡིག་དཔེ་རྙིང་ལེགས་སྒྲིག་དང་ཞིབ་འཇུག་སྐོར་གྱི་མཐོ་རིམ་བགྲོ་གླེང་ཚོགས་འདུ་དང་འབྲེལ་བའི་ཡུལ་དངོས་བཅར་འདྲི་ཁ་ཤས་བཀོད་སྒྲིག་བྱས་ཡོད།
འབྲེལ་ཡོད་གསར་འགྱུར་གྱི་པར་རིས་མཁོ་སྤྲོད་གནང་མཁན། རུ་མང་འཕྲིན་ལས་ཡིན།
གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་འཇིགས་མེད་སྨན་རྩིས་འགྲོ་ཕན་གླིང་དུ་འཇིགས་མེད་རྒྱལ་མཚན་ཐེབས་རྩས་སྨན་ཆས་སྦྱིན་གཏོང་མཛད་སྒོ་སྤེལ་བ།
འཇིགས་མེད་སྨན་རྩིས་འགྲོ་ཕན་གླིང་གི་འོད་མདའི་སྨན་བཅོས་ཚུགས་པ།
འཇིགས་མེད་སྨན་རྩིས་འགྲོ་ཕན་གླིང་གི་སྨན་བཅོས་འཕྲུལ་ཆས་གནང་མཁན་སྦྱིན་བདག་ལ་བཀའ་དྲིན་ཞུ་ཡིག་འབུལ་བ་སོགས།
མཚོ་ལྷོ་ཁུལ་བྷོཊ་རྒན་བྱིས་རོགས་སྐྱོར་མཐུན་ཚོགས་ཀྱིས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་དཀའ་ངལ་ཅན་གྱི་སློབ་མར་རོགས་སྐྱོར་བྱས་པ།
འབྲེལ་ཡོད་གསར་འགྱུར་གྱི་པར་རིས་མཁོ་སྤྲོད་གནང་མཁན། གཡང་ཕྱུག་རྒྱལ་ཡིན།
གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་སྐབས༨༢པའི་ཤེས་རིག་འགྲན་གླེང་གི་ཡུལ་དངོས།
གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་འགོ་ཁྲིད་ཀྱི་ལས་གནས་གསར་བསྐོས་ཚོགས་འདུ།
མགོན་པོ་ཚེ་རིང་། མི་རིགས་རིག་པའི་འབུམ་རམས་པ། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཡིན། ༡༩༦༨ལོར་མཚོ་སྔོན་ཞིང་ཆེན་ཁྲི་ཀ་རྫོང་དུ་སྐྱེས། ༡༩༩༠ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་དང་རྩོམ་རིག་སྡེ་ཁག་ནས་མཐར་ཕྱིན། ༡༩༩༠ལོའི་ཟླ༧པ་ནས་མཚོ་སྔོན་ཞིང་ཆེན་མང་ཚོགས་སྒྱུ་རྩལ་ཁང་དུ་རྩོམ་སྒྲིག་པའི་བྱ་བ་ལས། ༡༩༩༡ལོ་ནས་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་བྱས། ༡༩༩༤ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་ནས《བོད་སིལ་བུའི་དུས་སྐབས་ཀྱི་རྩོམ་རིག་བྱུང་འཕེལ་ལ་དཔྱད་པ》ཞེས་པའི་དཔྱད་རྩོམ་བྲིས་ཏེ་བོད་ཀྱི་གནའ་རབས་རྩོམ་རིག་ཆེད་ལས་ཀྱི་རབ་འབྱམས་པའི་སློབ་གནས་ཐོབ། ༢༠༡༡ལོར་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་ནས《མདོ་ཁམས་སྡེ་དགེ་ཡུལ་དུ་གྲུབ་མཐའ་རིས་མེད་དར་པའི་ལོ་རྒྱུས་རྒྱུ་རྐྱེན་དང་ད་ལྟའི་གནས་བབ་ལ་དཔྱད་པ》ཞེས་པའི་དཔྱད་རྩོམ་བྲིས་ཏེ་མི་རིགས་རིག་པའི་ཆེད་ལས་ཀྱི་འབུམ་རམས་པའི་སློབ་གནས་ཐོབ། སློབ་ཁྲིད་གཙོ་བོ་ནི་བོད་ཀྱི་ལོ་རྒྱུས། བོད་ཀྱི་ནང་བསྟན་རྩོམ་རིག བོད་ཀྱི་རིག་གནས་རྣམ་བཤད་བཅས་ཡིན། སྔ་རྗེས་སུ་ཀྲུང་གོའི་བོད་རིག་པ་སོགས་རིག་གཞུང་དུས་དེབ་སྟེང་དུ《སྡེ་དགེ་པར་ཁང་གིས་བོད་ཀྱི་རིག་གནས་པར་སྐྲུན་ཐད་ལ་བཞག་པའི་བྱས་རྗེས་དང་ཤུགས་རྐྱེན》། 《བོད་ཀྱི་གདོད་མའི་སྤྱི་ཚོགས་ཀྱི་བྱུང་འཕེལ་ལ་དཔྱད་པ》། 《ཨ་མདོའི་རྫོང་རུ་རིག་གནས་ཁྲོད་ཀྱི་རྫ་ཆས་ལ་དཔྱད་པ》སོགས་རྒྱ་བོད་ཡིག་རིགས་གཉིས་ཀྱིས་བྲིས་པའི་དཔྱད་རྩོམ་ཉི་ཤུ་ལྷག་སྤེལ། ༢༠༠༣ལོ་ནས་སྔ་རྗེས་སུ་དབྱིན་ཇིའི་ཉིག་ཅུན་ནས་བསྡུས་པའི་སྐབས་བཅུ་བའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་དང་། ཡུན་ནན་ཁུང་མེན་ནས་བསྡུས་པའི་སྐབས་བཅུ་དྲུག་པའི་རྒྱལ་སྤྱིའི་མི་རིགས་རིག་པའི་ཚོགས་འདུ། བོད་ལྗོངས་ལྷ་ས་ནས་བསྡུས་པའི་དགེ་འདུན་ཆོས་འཕེལ་རིག་གཞུང་བསམ་བློའི་ཞིབ་འཇུག་ཚོགས་འདུ་སོགས་ལ་ཞུགས་ནས་ཆེད་རྩོམ་སྒྲོག་བཤད་བྱས། སྔ་རྗེས་སུ་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་གི་ཐེབས་རྩའི་སྤྱིར་བཏང་ལས་གཞི《བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་མང་པོའི་མཉམ་གནས་གྱི་རྣམ་པ་གྲུབ་སྟངས་དང་ད་ལྟའི་གནས་བབས་ལ་ཞིབ་འཇུག་བྱེད་པ》སོགས་ཀྱི་ལས་གཞིའི་ཞིབ་འཇུག་གི་ལས་སུ་ཞུགས།
ཐེངས་དང་པོའི་བོད་ཡིག་དཔེ་རྙིང་ལེགས་སྒྲིག་དང་ཞིབ་འཇུག་སྐོར་གྱི་མཐོ་རིམ་བགྲོ་གླེང་ཚོགས་འདུར་ཞུགས་པའི་ཚོགས་མི་ཡོངས་ཀྱི་མཉམ་པར།
ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་འགན་འཛིན་པ་དགྲ་འདུལ་ལགས།
མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་གཙོ་གཞོན་པ་རྒྱ་ཡེ་བཀྲ་བྷོ་ལགས།
ཟི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གི་ཚོགས་ཞུགས་པ་འཇམ་བློ་ལགས།
ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་རམ་འདེགས་ཞིབ་འཇུག་པ་བསོད་ནམས་རྡོ་རྗེ་ལགས།
རྩོམ་སྒྲིག་པ་དང་མདོ་འཛིན་པ། བཀྲ་ཤིས་རྒྱ་མཚོ།
རྩོམ་འགན་པ། ཚེ་མགོན།
ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།
སྤྱིའི་ལྟ་སྐུལ་བ། རྣ་བྷ།
གསན་མཁན་ལྷན་རྒྱས་ལ་བསམ་འཆར་དང་རེ་བ་ཅི་ཡོད་གཤམ་གྱི་འབྲེལ་གནས་བརྒྱུད་དེ་བརྗོད་ཆོག །
ཁ་པར། 09716329322 15202581289
སྐད་འཕྲིན། boyutb
ཡིག་ཟམ། 824136958@qq.com