སློབ་རའི་གསར་འགྱུར་སྐུད་ལམ།】ཚན་པ་འདིའི་ནང་དུ་མཚོ་ལྷོ་ཁུལ་མཐོ་རིམ་སློབ་འབྲིང་གཉིས་པའི་སློབ་རའི་གསར་འགོད་པ་ལྷ་དཔལ་རྒྱལ་དང་ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་རའི་གསར་འགོད་པ་འཕྲིན་ལས། གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་སློབ་རའི་གསར་འགོད་པ་གཡང་ཕྱུག་རྒྱལ་སོགས་ཀྱིས་རང་རང་གི་སློབ་ར་ནས་བྱུང་བའི་གཟའ་འཁོར་གཅིག་རིང་གི་སློབ་རའི་གསར་འགྱུར་ཁ་པར་གྱི་སྐུད་ལམ་བརྒྱུད་ནས་སྤེལ་བ།
【སློབ་གསོ་མཁས་བརྒྱའི་དཔྱད་གླེང་།】ཚན་པ་འདིའི་ནང་དུ༼ སློབ་ཆེན་མཐར་ཕྱིན་པ་རབ་གསལ་རྡོ་རྗེའི་ལས་ཞུགས་ཀྱི་གོམ་ཁ་དང་པོ༽ཞེས་པའི་གླེང་གཞི་ཞིག་བཀོད་སྒྲིག་བྱས་ཡོད་པ་དང་། གདན་ཞུའི་སྐུ་མགྲོན་ཡུལ་ཤུལ་ཁུལ་ནང་ཆེན་རྫོང་བོད་ཡིག་སློབ་འབྲིང་གཉིས་པ་འི་དགེ་རྒན་རབ་གསལ་རྡོ་རྗེ་ཡིན།
ལེ་ཚན་འདིའི་གདན་ཞུའི་སྐུ་མགྲོན་ཡུལ་ཤུལ་ཁུལ་ནང་ཆེན་རྫོང་བོད་ཡིག་སློབ་འབྲིང་གཉིས་པའི་དགེ་རྒན་རབ་གསལ་རྡོ་རྗེ།
དགེ་རྒན་རབ་གསལ་རྡོ་རྗེ་དང་ཁོའི་ཐོན་མའི་རེ་བཅོལ་འཛིན་གྲྭ
སྤྱི་ལོ་༢༠༡༧.ཟླ་༡༡.པའི་ཚེས༡༥ཉིན་གྱི། ནུབ་མོ་7:30སྟེང་ནས། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་རྩོམ་སྒྲིག་ཞུས་ཆེན་པ། རྒན་ཀླུ་བྱམས་ལགས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་རིག་གནས་སློབ་གླིང་གིས་གདན་ཞུ་གནང་སྟེ། ༼ཨ་མདོའི་ཁ་སྐད་དང་ཡིག་སྐད་བར་གྱི་ཀློག་སྟངས་གཤིབ་བསྡུར༽ཞེས་པའི་འཆད་ཁྲིད་བྱས་པ།
ཨ་རའི་ཧ་ཧྥོ་སློབ་གྲྭ་ཆེན་ནས་འབུམ་རམས་ཐོན་ཞིང་ད་ལྟ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ན་དགེ་རྒན་ཆེན་མོའི་འགན་གནང་བཞིན་པའི་རྒན་རྡོ་རྗེ་སྙིང་ལྕགས་ལགས་བོད་སྐད་ཡིག་སྡེ་ཁག་གིས་གདན་ཞུས་གནང་བ་ལྟར་( སྤྱི་ལོ་༢༠༡༧.ཟླ་༡༡.པའི་ཚེས༢ཉིན )ཕྱིར་རང་གི་མ་ཡུམ་སློབ་གྲྭ་འདིར་ཕེབས་ཏེ་ཨ་རུའི་སློབ་ཆེན་གྱི་དངོས་གཞིའི་སློབ་གསོའི་ཐད་ནས་འཆད་ཁྲིད་གནང་བ།
སྤྱི་ལོ་༢༠༡༧.ཟླ་༡༡.པའི་ཚེས་༡.རེས་གཟའ་ལྷག་པའི། ནུབ་མོ་7:30སྟེང་ནས། ལྷ་ས་ནས་ཕེབས་པའི་ན་གཞོན་ནོར་བུ་དགྲ་འདུལ་ལགས་གདན་ཞུ་གནང་སྟེ་༼བོད་ཀྱི་སློབ་གསོའི་ལས་ལམ་གསར་སྤེལ་མཁན་ཞིག་གི་མི་ཚེའི་མྱོང་བ༽ཞེས་ཁ་བྱང་དང་འབྲེལ་ཏེ་ལས་སྒོ་གསར་སྤེལ་སྐོར་གྱི་འཆད་ཁྲིད་ཀྱང་མི་ཉུང་པ་ཞིག་གནང་སོང་།
གོང་གི་པར་འདི་དག་ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་རའི་གསར་འགོད་པ་འཕྲིན་ལས་ཀྱིས་འདོན་སྤྲོད་བྱས་པ་ཡིན།
གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་སྐབས༨༣པའི་ཤེས་རིག་འགྲན་གླེང་དང་འབྲེལ་ནས་གཟའ་འཁོར་ལྔའི་རིང་གི་དཔེ་ཀློག་སྤྱི་སྡོམ་བྱས་པ།
ཧྲང་ཧེ་ཆིན་ཕོ་བྱམས་སྐྱོང་ཡར་སྐུལ་ཚོགས་པས་གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་དབུལ་ཕོངས་ཅན་གྱི་སློབ་མ་ཉི་ཤུ་ལ་རོགས་དངུལ་གནང་བ།
གོང་གི་པར་འདི་དག་གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་སློབ་རའི་གསར་འགོད་པ་གཡང་ཕྱུག་རྒྱལ་གྱིས་འདོན་སྤྲོད་བྱས་པ་ཡིན།
མདོ་འཛིན་པ། གནམ་སྐྱབས་རྒྱལ།
རྩོམ་སྒྲིག་པ། གནམ་སྐྱབས་རྒྱལ།
རྩོམ་འགན་པ། ཚེ་མགོན།
ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།
སྤྱིའི་ལྟ་སྐུལ་བ། རྣ་བྷ།
རྒྱ་ཆེའི་ཉན་མཁན་རྣམ་པར་བསམ་འཆར་དང་རེ་བ་ཅི་ཡོད་ན་གཤམ་གྱི་འབྲེལ་གནས་འདི་དག་སྦྲེལ་རོགས།
ཁ་པར། 09716329322 13209737776
སྐད་འཕྲིན། njj169682
ཡིག་ཟམ། niansai@126.com