【སློབ་རའི་གསར་འགྱུར་སྐུད་ལམ།】ལེ་ཚན་འདིའི་ནང་དུ་སློབ་ར་སོ་སོའི་གཟའ་འཁོར་གཅིག་གི་སློབ་རའི་གསར་འགྱུར་བཀོད་སྒྲིག་བྱས་ཡོད་པ་མ་ཟད། ༼སློབ་རའི་མཁའ་དབྱིངས་ན་མཆེད་པའི་གདངས་དབྱངས༽ཞེས་པའི་གླེང་གཞི་ཞིག་ཀྱང་བཀོད་སྒྲིག་བྱས་ཡོད། གདན་ཞུའི་སྐུ་མགྲོན་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་སློབ་རའི་གླུ་བ་ལུང་རྟོགས་ཡིན།
༢༠༡༧ལོའི་རྒྱལ་ཡོངས་སློབ་གླིང་གླུ་གཞས་འགྲན་བསྡུར་ཁྲོད་མཚོ་སྔོན་ཞིང་ཆེན་འགྲན་ཁུལ་དུ་ཨང་གཉིས་པ་ཐོབ་པའི་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་སློབ་རའི་གླུ་བ་ལུང་རྟོགས།
ལེ་ཚན་འདིའི་གདན་ཞུའི་སྐུ་མགྲོན་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་སློབ་གྲོགས་ལུང་རྟོགས{གཡས}ཀྱིས་ལེ་ཚན་ཐད་གཏོང་ཁང་དུ་ཁ་བརྡ་བྱེད་བཞིན་པ།
གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ལྗང་སྒྱུར་ཚན་ཆུང་གིས་སྤེལ་བའི་ལྗང་མདོག་གི་འབོད་སྐུལ་ཞེས་པའི་བགྲོ་གླེང་མཛད་སྒོ།
གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་བཟོ་རིག་ཆེད་སྦྱོང་དགེ་རྒན་བློ་བཟང་ཤེས་རབ་ལགས་ཀྱིས་བཟོ་རིག་པའི་སྐོར་གྱི་འཆད་ཁྲིད་བྱས་པ།
གོང་གི་པར་འདི་དག་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་རྒན་རུ་མང་འཕྲིན་ལས་ཀྱིས་འདོན་སྤྲོད་བྱས།
མཚོ་སྔོན་དགེ་འོས་སློབ་ཆེན་བོད་ཀྱི་སྐད་ཡིག་དང་རྩོམ་རིག་སྡེ་ཁག་གི་ལང་ཚོའི་རྩོམ་རིག་བྱ་དགའ་དང་ལོ་དེབ་འགྲེམ་སྤེལ་མཛད་སྒོ།
གོང་གི་པར་འདི་དག་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་རའི་གསར་འགོད་པ་འགྱུར་མེད་རྒྱ་མཚོས་འདོན་སྤྲོད་བྱས།
མདོ་འཛིན་པ། གནམ་སྐྱབས་རྒྱལ།
རྩོམ་སྒྲིག་པ། གནམ་སྐྱབས་རྒྱལ།
རྩོམ་འགན་པ། ཚེ་མགོན།
ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།
སྤྱིའི་ལྟ་སྐུལ་བ། རྣ་བྷ།
རྒྱ་ཆེའི་ཉན་མཁན་རྣམ་པར་བསམ་འཆར་དང་རེ་བ་ཅི་ཡོད་ན་གཤམ་གྱི་འབྲེལ་གནས་འདི་དག་སྦྲེལ་རོགས།
ཁ་པར། 09716329322 13209737776
སྐད་འཕྲིན། njj169682
ཡིག་ཟམ། niansai@126.com