【སློབ་རའི་གསར་འགྱུར་སྐུད་ལམ།】ཚན་པ་འདིའི་ནང་དུ་འདས་པའི་གཟའ་འཁོར་གཅིག་རིང་གི་སློབ་ར་སོ་སོའི་གསར་བྱུང་གནས་ཚུལ་ལ་རྒྱུས་ལོན་བྱས་ཡོད། ཐེངས་འདིའི་གསར་འགོད་པ་དག་ནི།
ནུབ་བྱང་མི་རིགས་སློབ་ཆེན་གྱི་གསར་འགོད་པ། འཕྲིན་ལས།
གངས་ལྗོངས་ཤེས་རིག་ནོར་བུ་སློབ་གླིང་གསར་འགོད་པ། རྭ་རྒྱ་བཀྲ་ཤིས།
【ང་ཡི་ལང་ཚོའི་རྨི་ལམ།】ཚན་པ་འདིའི་ནང་དུ་༼ ཨ་ཆེན་ཡིག་སྒྱུར་སྡེ་ཚོགས་༽ དང་༼ སློབ་ཆེན་སློབ་མའི་རིགས་ཞེན་དང་བླངས་པ༽ གཉིས་ཀྱི་ངོས་ཐད་ནས་བཅར་འདྲི་བྱ་རྒྱུ་ཡིན། གདན་ཞུའི་སྐུ་མགྲོན་ནི་མཚོ་སྔོན་མི་རིགས་སློབ་ཆེན་གྱི་མཐར་ཕྱིན་སློབ་མ་ཚེ་རིང་དོན་འགྲུབ་དང་མཚོ་སྔོན་སློབ་ཆེན་གྱི་སློབ་གྲོགས་བོན་སྐྱོང་རྒྱལ་གཉིས་ཡིན། 【ངག་འཕྲིན་གཞོན་ནུའི་སེམས་སྒྲ】ཚན་པ་འདིའི་ནང་དུ་༼ སློབ་ཆེན་སློབ་མའི་ལས་སྒོ་གསར་སྤེལ་དང་ས་གནས་དཔལ་འབྱོར་འཕེལ་རྒྱས་སྐོར་གླེང་བ།༽ ཞེས་པའི་བརྗོད་གཞི་ཞིག་བཀོད་སྒྲིག་བྱས་ཡོད། གདན་ཞུའི་སྐུ་མགྲོན་ནི་མཚོ་སྔོན་སློབ་ཆེན་གྱི་དཔལ་འབྱོར་དོ་དམ་རིག་པའི་སློབ་གླིང་གི་སློབ་གྲོགས་ནོར་བུ་དབང་ཕྱུག་ཡིན།
སྤྱི་ལོ༢༠༡༧ལོའི་ཟླ་༡༢པའི་ཚེས་༡༢ཉིན་གྱི་དགོང་མོར། ༢༠༡༧ལོའི་དགེ་ཐོན་འཛིན་གྲྭས་གླེང་སྟེགས་ཐེངས་གཉིས་པ་སྟེ་ཕ་ཡུལ་དང་ངའི་བར་ཐག་ཅེས་པའི་ཡུལ་དངོས།
བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གིས་རྒྱལ་ཡོངས་མི་རིགས་སློབ་ཆེན་གྱི་ཚད་མ་རིག་པའི་རྟགས་གསལ་འགྲན་ཚོགས་སྐབས་གཉིས་པའི་སྟ་གོན་དང་། ནུབ་བྱང་མི་རིགས་སློབ་ཆེན་གྱི་ཚད་མ་རིག་པའི་རྟགས་གསལ་འགྲན་སྡུར་སྐབས་གཉིས་པའི་ཡུལ་དངོས།
གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐ་སྙད་འགྲན་སྡུར་སྐབས་བཅུ་དགུ་བ་སྤེལ་བ།
གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གསེར་སྨྱུག་རྟགས་མའི་རྩོམ་རིག་འགྲན་སྡུར་སྐབས་དགུ་བ་སྤེལ་བ།
ཐེངས་འདིའི་ངག་འཕྲིན་གཞོན་ནུའི་སེམས་སྒྲ་དང་ང་ཡི་ལང་ཚོའི་རྨི་ལམ་ནང་ཞུགས་པའི་གདན་ཞུའི་སྐུ་མགྲོན་ཚེ་རིང་དོན་འགྲུབ་དང་བོན་སྐྱོང་རྒྱལ། ནོར་བུ་དབང་ཕྱུག་བཅས་ཀྱི་མཉམ་པར།
ཚང་མས་ཨ་ཆེན་ཡིག་སྒྱུར་སྡེ་ཚོགས་དང་རིགས་ཞེན་དང་བླངས་ཚོགས་པར་དོ་སྣང་བྱེད་རོགས།
རྩོམ་སྒྲིག་པ། བཀྲ་ཤིས་རྒྱ་མཚོ།
མདོ་འཛིན་པ། བཀྲ་ཤིས་རྒྱ་མཚོ།
རྩོམ་འགན་པ། ཚེ་མགོན།
ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།
སྤྱིའི་ལྟ་སྐུལ་བ། རྣ་བྷ།
གསན་མཁན་ལྷན་རྒྱས་ལ་བསམ་འཆར་དང་རེ་བ་ཅི་ཡོད་གཤམ་གྱི་འབྲེལ་གནས་བརྒྱུད་དེ་གུས་པར་བརྗོད་ཆོག །
ཁ་པར། 09716329322 15202581289
སྐད་འཕྲིན། boyutb
ཡིག་ཟམ། 824136958@qq.com