【སློབ་གསོ་མཁས་བརྒྱའི་དཔྱད་གླེང་།】ཚན་པ་འདིའི་ནང་དུ༼ སློབ་སྐབས་གཅིག་གི་སྤྱི་བསྡོམས་དང་དགུན་གནང་སྐབས་ཀྱི་འཆར་གཞི༽ ཞེས་པའི་བརྗོད་གཞི་ཞིག་བཀོད་སྒྲིག་བྱས་ཡོད། གདན་ཞུའི་སྐུ་མགྲོན་ནི་མགོ་ལོག་ཁུལ་རྟ་བྲག་དྭ་ཕྲུག་སློབ་གྲྭའི་སློབ་གཙོ་རྟའུ་ཐུབ་བསྟན་ཉི་མ་ཡིན།
【ངག་འཕྲིན་གཞོན་ནུའི་སེམས་སྒྲ】ཚན་པ་འདིའི་ནང་དུ༼ བོད་མིའི་ཡུལ་སྲོལ་གོམས་གཤིས༽ ཞེས་པའི་བརྗོད་གཞི་ཞིག་བཀོད་སྒྲིག་བྱས་ཡོད། འདིའི་ནང་དུ་བོད་མིའི་ཡུལ་སྲོལ་གོམས་གཤིས་དང་དམངས་ཁྲོད་ཀྱི་རིག་གནས་སྒྱུ་རྩལ། ཆོས་ལུགས་ཀྱི་འབྲེལ་ཡོད་དུས་ཆེན། འཛེམ་བྱའི་སྐོར་སོགས་བཤད་རྒྱུ་ཡིན།
སློབ་མ་རྣམས་ཁྲིད་དེ་བོད་ཀྱི་རིག་གནས་གཏེར་མཛོད་ཁང་ལ་ལྟ་སློར་རུ་སོང་བ།
མཚོ་སྔོན་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་སྡེ་ཁག་གི་འགོ་གཙོ་སྟེ་དགེ་རྒན་ཆེན་མོ། བོད་ཀྱི་སྙན་ངག་ཆེད་མཁས་པ་རྒན་སྟོབས་ལྡན་ལགས་ཀྱིས་ངེད་སློབ་གྲྭའི་སློབ་མ་རྣམས་ལ་སྲོལ་རྒྱུན་སྙན་ངག་དང་དེང་རབ་སྙན་ངག་གཉིས་ཀྱི་འབྲེལ་བ་དང་ཁྱད་ཆོས་སྐོར་ནས་སློབ་ཁྲིད་གནང་བར་བཀའ་དྲིན་ཆེ་ཞུ་བ་ལགས།
དགེ་སློབ་ཚང་མས་སློབ་ཁྲིད་དགེ་རྒན་ལ་བཀའ་དྲིན་ཞུ་བ།
མགོ་ལོག་ཁུལ་རྟ་བྲག་དྭ་ཕྲུག་སློབ་གྲྭའི་སློབ་གཙོ་རྟའུ་ཐུབ་བསྟན་ཉི་མ་ལགས།
རྩོམ་སྒྲིག་པ། བཀྲ་ཤིས་རྒྱ་མཚོ།
མདོ་འཛིན་པ། བཀྲ་ཤིས་རྒྱ་མཚོ།
རྩོམ་འགན་པ། ཚེ་མགོན།
ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།
སྤྱིའི་ལྟ་སྐུལ་བ། རྣ་བྷ།
གསན་མཁན་ལྷན་རྒྱས་ལ་བསམ་འཆར་དང་རེ་བ་ཅི་ཡོད་གཤམ་གྱི་འབྲེལ་གནས་བརྒྱུད་དེ་བརྗོད་ཆོག །
ཁ་པར། 09716329322 15202581289
སྐད་འཕྲིན། boyutb
ཡིག་ཟམ། 824136958@qq.com