སློབ་རའི་འགྱུར་ཁུགས་སྐབས《༢༡༣༢》པ། དཔེ་ཀློག་དང་བསམ་གཞིགས།
2018.01.17 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 69

 【སློབ་གསོ་མཁས་བརྒྱའི་དཔྱད་གླེང་།】ཚན་པ་འདིའི་ནང་དུ{དཔེ་ཀློག་དང་བསམ་གཞིགས}ཞེས་པའི་གླེང་གཞི་ཞིག་བཀོད་སྒྲིག་བྱས་ཡོད་པ་དང་། གདན་ཞུའི་སྐུ་མགྲོན་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་ཏང་གི་སློབ་གྲྭའི་སློབ་གཙོ་གཞོན་པ་རྟ་མགྲིན་ཚེ་རིང་ཡིན།
【ངག་འཕྲིན་གཞོན་ནུའི་སེམས་སྒྲ】ལེ་ཚན་འདིའི་ནང་དུ་སྒྲ་སྡུད་འགྲམ་གྱི་ཉན་མཁན་གང་རུང་ཞུགས་ནས་ལེ་ཚན་འདིའི་བརྗོད་གཞི་དང་མཐུན་པའི་ཁ་བརྡ་གནང་ཆོག

微信图片_20180117150025.png

ལེ་ཚན་འདིའི་གདན་ཞུའི་སྐུ་མགྲོན་རྩེ་ཁོག་རྫོང་ཏང་གི་སློབ་གྲྭའི་སློབ་གཙོ་གཞོན་པ་རྟ་མགྲིན་ཚེ་རིང་།

མགོན་ཤུལ་རྟ་མགྲིན་ཚེ་རིང་། སྤྱི་ལོ་(1980)ལོར་རྩེ་ཁོག་ཏུ་སྐྱེས། སྔ་ཕྱིར་གཞུང་གི་སློབ་གྲྭ་རིམ་བགྲོད་ཀྱིས་རྒྱ་བོད་ཀྱི་རིག་གནས་སློབ་གཉེར་བྱས་པ་དང་། ཟུར་དུ་བོད་ཀྱི་མཁས་དབང་དུ་མ་བསྟེན་ནས་སྙན་ངག་དང་། ཡིག་གཟུགས། སྐར་རྩིས། ནང་དོན་རིག་པ་བཅས་ལ་ཐོས་བསམ་མི་དམན་པ་བྱས། ཁོང་གིས་དུས་ཡུན་རིང་བོར་ཞང་དང་གྲོང་རྡལ་མང་པོ་ནས་ཞང་དཔོན་གཞོན་པ་སོགས་ཀྱི་འགན་བཞེས་ཏེ་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་། སློབ་གསོ། བདེ་བརྟན་བཅས་ཀྱི་ཆེད་དུ་ལས་ཀ་འབོར་ཆེན་སྒྲུབ་པ་དང་། གྱོད་གཞི་རིགས་སྣ་ཚོགས་གྲངས་མང་བ་ཐག་གཅོད་བྱས། སྤྱི་ལོ་(2011)ལོ་ནས་བཟུང་ལས་གནས་དགོས་མཁོའི་དབང་གིས་ཀྲུང་གུང་རྩེ་ཁོག་རྫོང་ཏང་གི་སློབ་གྲྭའི་ཧྲུའུ་ཅི་དང་སློབ་གཙོ་གཞོན་པའི་འགན་བཞེས་ཏེ། གསར་རྙིང་དགོན་སྡེ་སུམ་ཅུ་ལྷག་དང་། སློབ་གྲྭ་ཆེ་ཆུང་ཉེར་བདུན། སྲིད་འཛིན་སྡེ་བ་དྲུག་ཅུ་ལྷག་ལ་དངོས་སུ་བསྐྱོད་དེ་རྒྱ་ཆེ་བའི་བླ་གྲྭ་མང་ཚོགས་དང་། ལས་བྱེད་དང་ལས་བཟོ་བ། དགེ་སློབ་བཅས་མི་ཐེངས་ཁྲི་བཅུ་ལྷག་ལ་སྲིད་ཇུས་སྒྲོག་འགྲེལ་དང་བླང་དོར་ལམ་སྟོན་བྱས་པར་དགའ་བསུ་ཚད་མཐོན་པོ་ཐོབ་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་འཆད་ཁྲིད་སློབ་དཔོན་དང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐུན་སྒྲིལ་སྔོན་ཐོན་མི་སྣ། ངའི་ཉེ་འགྲམ་གྱི་མི་བཟང་པོ་སོགས་ཞིང་ཆེན་དང་ཁུལ། རྫོང་རིམ་པའི་ཕུལ་བྱུང་མི་སྒེར་ཏུ་བདམས་ཐོན་བྱུང་། སྔ་ཕྱིར་ཀྲུང་དབྱང་བརྙན་འཕྲིན་ཁང་དང་། མཚོ་སྔོན་ཞིང་ཆེན་རྒྱང་བསྒྲགས་ལས་ཁུངས་༣༧༥ཐད་གཏོང་ཁང་བཅས་སུ་བོད་རྒྱ་སྐད་གཉིས་ཀྱི་ལམ་ནས་བཅར་འདྲི་དང་ལེན་བྱས་པར་ཉན་མཁན་གྱི་གདེང་འཇོག་མཐོན་པོ་ཐོབ།