【ང་ཡི་ལང་ཚོའི་རྨི་ལམ】ཚན་པ་འདིའི་ནང་དུ༼ སློབ་ཆེན་སློབ་མའི་ལས་སྒོ་གསར་སྤེལ་དང་ང་ཡི་རྨི་ལམ༽ ཞེས་པའི་བརྗོད་གཞི་ཞིག་བཀོད་སྒྲིག་བྱས་ཡོད། གདན་ཞུའི་སྐུ་མགྲོན་ནི་མཚོ་སྔོན་སམ་བྷོཊ་བརྡ་འཕྲིན་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་གི་འགན་འཛིན་པ་ཚེ་རིང་བསམ་འགྲུབ་ཡིན།
【ངག་འཕྲིན་གཞོན་ནུའི་སེམས་སྒྲ】ཚན་པ་འདིའི་ནང་དུ༼ བོད་མིའི་ཡུལ་སྲོལ་གོམས་གཤིས༽ ཞེས་པའི་བརྗོད་གཞི་ཞིག་བཀོད་སྒྲིག་བྱས་ཡོད། འདིའི་ནང་དུ་དམངས་ཁྲོད་ཀྱི་རིག་གནས་སྒྱུ་རྩལ་དང་སྲོལ་རྒྱུན་གྱི་འབྲེལ་ཡོད་དུས་ཆེན། འཛེམ་བྱའི་སྐོར་སོགས་བཤད་རྒྱུ་ཡིན།
བོད་ལུགས་ཚོང་རྟགས་ལྔ་བརྒྱ་ཇུས་འགོད་བྱས་པ།
བོད་ལུགས་ཕྱི་ཐུམ་ཉིས་བརྒྱ་ལྷག་ཇུས་འགོད་བྱས་པ།
སྤྱི་ཕན་ལས་གཞི་ཐ༌སྐྱེས༌སྒྲོལ༌མ༌དོན༌འགྲུབ༌ཀྱི༌མི༌སྒེར༌བོད༌ཡིག༌ཡིག༌གཟུགས༌བརྩམས༌ཆོས༌འགྲེམ༌སྟོན་དང་ཁ་བའི་ལང་ཚོ VOL. 3 བོད་ཡིག་པར་གཞི་གསར་ཐོན་ཁྱབ་སྤེལ་ཚོགས་འདུ་ངེད་སམ་བྷོ་ཊ་རིག་གནས་བར་སྟོང་ནས་སྤེལ་བ། དེ་མིན་འགུ་གྲགས་རྒྱལ་གྱི་མི་སྒེར་ཐང་གའི་བརྩམས་ཆོས་འགྲེམ་སྟོན།
སྤྱི་ཚོགས་བྱ་འགུལ་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིགས་སློབ་མའི་ལས་སྒོ་གསར་སྤེལ་གྱི་ཉམས་མྱོང་བརྗེ་རེས་ཚོགས་འདུ་དང་ཚོ་ཤོག་གསར་པའི《བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་སྐོར་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས།》ཀྱི་དེབ་གསར་འགྲེམ་སྤེལ་མཛད་སྒོ་དང༼ བོད་ཀྱི་དཔལ་འབྱོར་གཞུང་ལུགས་འཛུགས་སྐྲུན་ཀྱི་བགྲོ་གླེང་ཚོགས་འདུ༽ །
༢༠༡༦ལོའི༌རྒྱལ༌ཡོངས༌སློབ༌ཆེན༌སློབ༌མའི༌ལས༌སྒོ༌གསར༌སྤེལ༌མཚོ༌སྔོན༌འགྲན༌ཁུལ༌སྟེང༌ངེད༌སམ༌བྷོ༌ཊ༌སྤྱི༌གཉེར༌ཁང༌ལ༌ཞིང༌ཆེན༌རིམ༌པའི༌བྱ༌དགའ༼ ཨང༌དང༌པོ༽ འཐོབ།༢༠༡༦ལོའི༌རྒྱལ༌ཡོངས༌སློབ༌ཆེན༌སློབ༌མའི༌ལས༌སྒོ༌གསར༌སྤེལ༌རྟིང་རྩོད་འགྲན་སྡུར་སྟེང་༼ དངུལ༽ གྱི་རྟགས་མ་འཐོབ།མཚོ༌སྔོན༌ཞིང༌ཆེན༌ལས༌སྒོ༌གསར༌སྤེལ༌རྨ༌ལྷོ༌འགྲན༌ཁུལ༌ནས༌ཁུལ༌ཡོངས༌ཀྱི༌ཨང༌གཉིས༌པ༌ཐོབ།མཚོ་སྔོན་ཞིང་ཆེན༼ ཀྲུང་གོ་དངུལ་ཁང༽ རྟགས་མའི་ལས་སྒོ་གསར་སྤེལ་རྟིང་རྩོད་འགྲན་བསྡུར་ཁྲོད་ངེད་སམ་བྷོ་ཊ་ཚང་ལ་ཨང་གཉིས་པའི་བྱ་དགའ་ཐོབ།
གདན་ཞུའི་སྐུ་མགྲོན་ནི་མཚོ་སྔོན་སམ་བྷོཊ་བརྡ་འཕྲིན་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་གི་འགན་འཛིན་པ་ཚེ་རིང་བསམ་འགྲུབ།
རྩོམ་སྒྲིག་པ། བཀྲ་ཤིས་རྒྱ་མཚོ།
མདོ་འཛིན་པ། བཀྲ་ཤིས་རྒྱ་མཚོ།
རྩོམ་འགན་པ། བཀྲ་ཤིས་རྒྱ་མཚོ།
ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།
སྤྱིའི་ལྟ་སྐུལ་བ། རྣ་བྷ།