【ངག་འཕྲིན་གཞོན་ནུའི་སེམས་སྒྲ】ཚན་པ་འདིའི་ནང་དུ༼ སློབ་སྐབས་གསར་བའི་སློབ་སྒྲུབ་ཀྱི་འཆར་གཞི་དང་ཐོག་མའི་སྨོན་འདུན༽ ཞེས་པའི་བརྗོད་གཞི་ཞིག་བཀོད་སྒྲིག་བྱས་ཡོད། གདན་ཞུའི་སྐུ་མགྲོན་ནི་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པའི་སློབ་ཁྲིད་དང་སློབ་གསོ་དོ་དམ་པའི་ལས་ཀ་གཉེར་གྱིན་པའི་རྒན་སྟོབས་ལྡན་ལགས་ཡིན། དེ་དང་འབྲེལ་ནས། རྒན་དཔལ་ལྡན་ཉི་མ་ལགས་ཀྱི༼ བོད་ཀྱི་སློབ་གསོའི་དཀའ་གནད་དང་དེ་སེལ་ཐབས༽ ཞེས་པ་བཀོད་སྒྲིག་བྱས་ཡོད།
མང་རའི་སྟོབས་ལྡན། སྤྱི་ལོ༡༩༧༧ལོའི་ཟླ་དྲུག་པར་མང་རྫོང་ལྕང་སྡོང་ཞོལ་མ་རུ་སྐྱེས། སྔ་ཕྱིར་མཚོ་ལྷོ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭ་དང་མཚོ་སྔོན་མི་རིགས་སློབ་ཆེན་སོགས་སུ་སློབ་གཉེར་བགྱིས་ཏེ་རྩོམ་རིག་རབ་འབྱམས་པའི་ཐོབ་ཐང་བླངས། སྤྱི་ལོ༡༩༩༨ལོར་བྱ་བར་ཞུགས་ཏེ། མཚོ་ལྷོའི་མང་རྫོང་དང་ཆབ་ཆ། ཁྲི་ཀ་སོགས་སུ་མི་ལོ་ཉི་ཤུའི་རིང་ལ་སློབ་ཆུང་དང་དམའ་འབྲིང་། མཐོ་འབྲིང་གི་སློབ་གསོའི་ལས་གནས་དང་པོ་རུ་སློབ་ཁྲིད་དང་སློབ་གསོ་དོ་དམ་པའི་ལས་ཀ་གཉེར་མྱོང་ལ། སློབ་ཁྲིད་ཀྱི་ཞོར་དུ་བསྒྱུར་རྩོམ་དང་དཔྱད་རྩོམ་གྱིས་གཙོས་པའི་བརྩམས་ཆོས་བཅུ་ཕྲག་གཉིས་ལྷག་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་དུས་དེབ་སྟེང་བཀོད་མྱོང་བ་དང་། ཞིང་ཆེན་དང་ཁུལ་རིམ་པའི་སྔོན་ཐོན་དགེ་རྒན་དང་སློབ་གསོའི་བྱ་བ་སྒྲུབ་མཁན་ཕུལ་བྱུང་གི་གྲས་སུའང་བདམས་མྱོང་། ད་ལྟ་སྔར་མུས་བཞིན་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པ་རུ་སློབ་ཁྲིད་དང་སློབ་གསོ་དོ་དམ་པའི་ལས་ཀར་འབད་བཞིན་ཡོད།
མདོ་འཛིན་པ་དང་རྩོམ་སྒྲིག་པ། བཀྲ་ཤིས་རྒྱ་མཚོ།
རྩོམ་འགན་པ། ཚེ་མགོན།
ལྟ་སྐུལ་བ། དབྱངས་ཅན།
སྤྱིའི་ལྟ་སྐུལ་བ། རྣ་བྷ།