【སློབ་གསོ་མཁས་བརྒྱའི་དཔྱད་གླེང་།】ཚན་པ་འདིའི་ནང་དུ༼ང་དང་གཟའ་མཇུག་གི་གཏམ་རྒྱུད༽ཅེས་པའི་བརྗོད་གཞི་ཞིག་གཏན་འཁེལ་བྱས་ཏེ་མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་གྲོགས་སྟག་འབྲུག་ཚེ་རིང་དང་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སློབ་གྲོགས་ཏིང་འཛིན་སྐྱིད། ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གླིང་གི་སློབ་གྲོགས་འཇིགས་མེད་རྒྱ་མཚོ། ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་གྲོགས་བཙུན་ཐར་རྒྱལ་བཅས་ཞུགས་ནས་རང་རང་གི་གཟའ་མཇུག་དང་འབྲེལ་བའི་བརྗེད་མི་ཐུབ་པའི་གཏམ་རྒྱུད་ཞིག་དང་སྦྱར་ནས་ཁ་བརྡ་བྱས་ཡོད།
【ང་ཡི་ལང་ཚོའི་རྨི་ལམ།】ཚན་པ་འདིའི་ནང་དུ་སྒྲ་སྡུད་འགྲམ་གྱི་ཉན་མཁན་གང་རུང་ལེ་ཚན་འདིའི་ཐད་གཏོང་གི་སྐུད་ལམ་ལ་གདན་ཞུ་བྱས་ཏེ་རང་རང་གི་ཆུང་དུས་ཀྱི་རྨི་ལམ་དང་ཕུགས་བསམ་གླེང་ཆོག
ལེ་ཚན་འདིའི་གདན་ཞུའི་སྐུ་མགྲོན་མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་གྲོགས་སྟག་འབྲུག་ཚེ་རིང་།
ལེ་ཚན་འདིའི་གདན་ཞུའི་སྐུ་མགྲོན་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སློབ་གྲོགས་ཏིང་འཛིན་སྐྱིད།
ལེ་ཚན་འདིའི་གདན་ཞུའི་སྐུ་མགྲོན་ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གླིང་གི་སློབ་གྲོགས་འཇིགས་མེད་རྒྱ་མཚོ།
ལེ་ཚན་འདིའི་གདན་ཞུའི་སྐུ་མགྲོན་ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་གྲོགས་བཙུན་ཐར་རྒྱལ།
མདོ་འཛིན་པ། གནམ་སྐྱབས་རྒྱལ།
རྩོམ་སྒྲིག་པ། གནམ་སྐྱབས་རྒྱལ།
རྩོམ་འགན་པ། ཚེ་མགོན།
ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།
སྤྱིའི་ལྟ་སྐུལ་བ། རྣ་བྷ།
རྒྱ་ཆེའི་ཉན་མཁན་རྣམ་པར་བསམ་འཆར་དང་རེ་བ་ཅི་ཡོད་ན་གཤམ་གྱི་འབྲེལ་གནས་འདི་དག་སྦྲེལ་རོགས།
ཁ་པར། 09716329322 13209737776
སྐད་འཕྲིན། njj169682
ཡིག་ཟམ། niansai@126.com