【སློབ་རའི་གསར་འགྱུར་སྐུད་ལམ།】ཚན་པ་འདིའི་ནང་དུ་འདས་པའི་གཟའ་འཁོར་གཅིག་རིང་གི་སློབ་ར་སོ་སོའི་གསར་བྱུང་གནས་ཚུལ་ལ་རྒྱུས་ལོན་བྱ་རྒྱུ་ཡིན། ཐེངས་འདིའི་སློབ་རའི་གསར་འགོད་པ་དག་ནི་གཤམ་གསལ།
གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་རའི་གསར་འགོད་པ། རྭ་རྒྱ་བཀྲ་ཤིས།
ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་རའི་གསར་འགོད་པ། འཕྲིན་ལས།
འབའ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ་གཏེར་སྟོན་བྱིས་སྐྱོང་ཁང་། དགེ་རྒན་གུ་རུ་སྐྱབས།
【ང་ཡི་ལང་ཚོའི་རྨི་ལམ།】ཚན་པ་འདིའི་ནང་དུ་༼ སྐྱེས་མ་སློབ་ཆེན་པ་ཞིག་གི་འོས་འགན་དང་སློབ་གཉེར་ཐད་ཀྱི་བསམ་ཚུལ༽ ཞེས་པའི་བརྗོད་གཞི་ཞིག་བཀོད་སྒྲིག་བྱས་ཡོད། གདན་ཞུའི་སྐུ་མགྲོན་ནི་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་གྲོགས་བཀྲ་ཤིས་སྒྲོལ་མ་ཡིན།
【ངག་འཕྲིན་གཞོན་ནུའི་སེམས་སྒྲ།】ཚན་པ་འདིའི་ནང་དུ་༼ ངའི་གཟའ་ཉི་མའི་འཚོ་བ་དང་དཔེ་ཀློག༽ ཞེས་པའི་བརྗོད་གཞི་ཞིག་བཀོད་སྒྲིག་བྱས་ཡོད། གདན་ཞུའི་སྐུ་མགྲོན་ནི་མཚོ་སྔོན་སློབ་ཆེན་གྱི་སློབ་གྲོགས་རིན་ཆེན་མཚོ་ཡིན།
གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གསར་འགྱུར།
གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཐོན་མིའི་དགོངས་རྒྱན་ཞེས་པའི་འཆད་ཁྲིད་སྤེལ་བ།
ཐོས་བསམ་ལ་གཞོལ་བའི་སྐལ་ལྡན་གྱི་སློབ་བུ་དག་གི་ཉམས་སྣང་།
དགེ་འདུན་ཆོས་འབྱོར་ལགས་ཀྱི་འཆད་ཁྲིད་ཀྱི་ཁ་བྱང་།
ནུབ་བྱང་མི་རིགས་སློབ་ཆེན་གྱི་གསར་འགྱུར།
ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གི་༢༠༡༥ལོའི་འབུམ་རམས་པའི་མཐར་ཕྱིན་དཔྱད་རྩོམ་སྟ་གོན་བགྲོ་གླེང་། སློབ་ཁུལ་རྙིང་བའི་མཁས་མཆོག་ཐོག་ཁང་གི་སློབ་ཁང་༢༠༡ནང་སྤེལ་བ་དང་།
འབུམ་རམས་པ་སྟག་འབུམ་རྒྱལ་གྱིས་“ཚད་མ་རྣམ་འགྲེལ་གྱི་རྣམ་བཤད་གནས་གསུམ་གསལ་བ་གངས་ཅན་གྱི་རྒྱན་ལ་དཔྱད་པ།”
འབུམ་རམས་པ་དཔལ་ལྡན་རྒྱ་མཚོས་“བོད་ཀྱི་སྣོད་བཅུད་རིག་གནས་དང་རྩོམ་རིག་རྟེན་འབྲེལ་གྱི་ལྟ་བར་དཔྱད་པ”
འབུམ་རམས་པ་ཕྱག་རྡོར་སྐྱབས་ཀྱིས“དེབ་ཐེར་དམར་པོ་ཞིབ་འཇུག”
ཐེངས་འདིའི་མདོ་འཛིན་པ་། དགེ་རྒན་ཆེན་མོ་དཔལ་ཆེན་རྒྱལ་ལགས་ཀྱིས་བྱས་པ་དང་། ཚོགས་ཞུགས་མི་སྣ། ཁ་སྒང་བཀྲ་ཤིས་ཚེ་རིང་། ཆུ་སྐྱེས་དགེ་འདུན་བསམ་གཏན། ཆ་རིས་སྐལ་བཟང་ཐོགས་མེད། ཞོ་ར་པདྨ་དབང་ཆེན། འབའ་སྟོད་པདྨ་དབང་རྒྱལ། རྡོ་རྗེ་དོན་འགྲུབ། བཀྲ་ཤིས་དོན་འགྲུབ། རྡོ་རྗེ་རིན་ཆེན་བཅས།
འབུམ་རམས་པ་སྟག་འབུམ་རྒྱལ་ལ། བརྩམས་དེབ་གཉིས་ཏེ《ཕྲ་རྡུལ་ལས་མཐོང་བའི་འཇིག་རྟེན》དང《མཁས་པའི་ཞལ་གདམས་ཐོར་བཏུས།》
《ཀན་སུའུ་ས་ཁུལ་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་རྙིང》(བསྒྲིགས་དེབ) གཞན། རྒྱལ་ཁབ་རིམ་པའི་དཔྱད་རྩོམ་གཉིས་དང་། ཞིང་ཆེན་རིམ་པའི་དཔྱད་རྩོམ་གཉིས།
འབུམ་རམས་པ་དཔལ་ལྡན་རྒྱ་མཚོ་ལ།
《བོད་ཁུལ་ཡུལ་སྲོལ་རིག་གནས་རྟོག་དཔྱོད།》
《ཉི་ཟླའི་སྒོ་དར་ཁྲ་ཁྲ།》
《ཁེར་ཚུགས་དང་ཀུན་གཤིས་ཀྱི་དབུས་མཐའ།》
《སྙན་ངག་གསར་བའི་ཞིབ་རྟོག》
《རྩོམ་རིག་སྐད་ཆའི་སྒྲིག་གཞི་བཀྲོལ་སྟངས།》སོགས་སྒེར་དེབ་ལྔ་ཙམ་ཡོད།
ཉིན་དེའི་ཕྱི་དྲོ་དུས་ཚོད༡༤:༠༠ཀྱི་སྟེང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གི་སློབ་ཁུལ་རྙིང་བའི་མཁས་མཆོག་ཐོག་ཁང་གི་སློབ་ཁང་༢༠༨དང་༢༠༦.༢༠༤བཅས་ནས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གི་༢༠༡༥ལོའི་ཤེས་རམས་པའི་མཐར་ཕྱིན་དཔྱད་རྩོམ་དམ་བཅའི་སྟ་གོན་བགྲོ་གླེང་སྤེལ་བ་དང་། དེར༼ ཡིག་རྙིང༽ དང་༼ རྩོམ་རིག༽ ༼ སྐད་བརྡ་རིག་པའི༽ ཆེད་ལས་ཅན་དག་སྟེ། སྡོམ་པའི་ཤེས་རམས་པ་༢༦ཞུགས་ཡོད་པ་རེད། གོང་གི་པར་དང་ཡིག་ཆ་དག་ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་རའི་གསར་འགོད་པ་འཕྲིན་ལས་ཀྱིས་འདོན་སྤྲོད་བྱས་པ་ཡིན།
འབའ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ་གཏེར་སྟོན་བྱིས་སྐྱོང་ཁང་གི་གསར་འགྱུར།
ཨང་དང་པོ།
གཏེར་སྟོན་བྱིས་སྐྱོང་ཁང་གི་བྱིས་པ༼ རིན་ཆེན་དབངརྒྱལ༽ ཨང་གཉིས་པ།
ཁོ་རྒྱ་བྱིས་སྐྱོང་ཁང་གི་བྱིས་པ༼ མཁའ་མཚོ་སྒྲོལ་མ༽
འབའ་ཐང་བྱིས་སྐྱོང་གི་བྱིས་པ༼ བསྟན་འཛིན་སྒྲོལ་ལྷ༽
ཨང་གསུམ་པ།
ཁེ་རབ་བྱིས་སྐྱོང་ཁང་གི་བྱིས་པ༼ བདེ་སྐྱིད་མཚོ་མོ༽
མགར་རྩེ་བྱིས་སྐྱོང་ཁང་གི་བྱིས་པ༼ ལྷ་མགོན་དོན་གྲུབ༽
རི་བཟང་བྱིས་སྐྱོང་ཁང་གི་བྱིས་པ༼ བདེ་ཆེན་དབང་མོ༽
འབའ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ་གཏེར་སྟོན་བྱིས་སྐྱོང་ཁང་གི་དགེ་རྒན་གུ་རུ་སྐྱབས།
མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་སློབ་གྲོགས་བཀྲ་ཤིས་སྒྲོལ་མ།
མཚོ་སྔོན་སློབ་ཆེན་གྱི་སློབ་གྲོགས་རིན་ཆེན་མཚོ།
རྩོམ་སྒྲིག་པ། བཀྲ་ཤིས་རྒྱ་མཚོ།
མདོ་འཛིན་པ། བཀྲ་ཤིས་རྒྱ་མཚོ།
ལྟ་སྐུལ་བ། ཨ་བརྟན་རྒྱལ།
སྤྱིའི་ལྟ་སྐུལ་བ། རྣ་བྷ།
གསན་མཁན་ལྷན་རྒྱས་ལ་བསམ་འཆར་དང་རེ་བ་ཅི་ཡོད་གཤམ་གྱི་འབྲེལ་གནས་བརྒྱུད་དེ་བརྗོད་ཆོག །
ཁ་པར། 09716329322 15202581289
སྐད་འཕྲིན། boyutb
ཡིག་ཟམ། 824136958@qq.com