༼སློབ་གསོ་མཁས་བརྒྱའི་དཔྱད་གླེང༽གི་ནང་དུ་༼བྱིས་པའི་རྩོམ་རིག་སྐོར་གྱི་གླེང་མོལ༽ཞེས་པའི་ཁག་བཞི་པ་བཀོད་སྒྲིག་བྱས་ཏེ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐལ་བཟང་མེ་ཏོག་བྱིས་སྐྱོང་གླིང་གི་སློབ་གཙོའི་འགན་ཁུར་བ་རླངས་ཚངས་བསོད་ནམས་རྡོ་རྗེ་ལགས་གདན་ཞུ་བྱས་ཏེ་རྒྱལ་ཁབ་ཕྱི་ནང་གི་བྱིས་པའི་སློབ་གསོའི་གནས་སྟངས་དང་། བྱིས་པའི་རྩོམ་རིག་ཞིབ་བསྡུར་སྒོས་ཁྱད་པར་དང་ལེགས་འབྲས། བྱུང་རིམ་དང་འཕེལ་རྒྱས་སོགས་གླེང་ཡོད་ལ། ད་དུང་མི་རིགས་རང་གི་བོད་སྐད་ཡིག་གི་ལམ་ནས་བྲིས་ཡོད་པའི་བྱིས་པའི་ཀློག་དེབ་དང་བྱིས་པའི་རྩོམ་རིག་མང་པོ་ཞིག་ངོ་སྤྲོད་བྱས་ཡོད།
རླངས་ཚང་བསོད་ནམས་རྡོ་རྗེ་ནི། ༡༩༧༦ལོར་རེབ་གོང་རྒྱལ་བོ་སྒང་མེས་པོ་ཚོ་བ་རུ་སྐྱེས། སློབ་གྲྭ་ཆུང་འབྲིང་རིམ་པར་བརྒྱུད་རྗེས། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རྩོམ་རིག་ཆེད་སྦྱོང་འཛིན་གྲྭ་ནས་སློབ་མཐར་ཕྱིན་པ་དང་ཡ་རྫི་བོད་ཡིག་སློབ་འབྲིང་དུ་ལོ་ངོ་ལྔའི་རིང་དགེ་རྒན་བྱས། ༢༠༡༠ལོ་ནས་ད་ལྟའི་བར་དུ་རེབ་གོང་དུ་བྱིས་པའི་སློབ་གསོའི་སྐོར་ལ་ལས་ཀ་བྱས་དང་བྱེད་མུས་སུ་ཡོད་པ་དང་། ལས་ཞོར་དུ་བོད་ཁམས་ཀྱི་ས་ཆ་གང་སར་བྱིས་པའི་སློབ་གསོའི་སྐོར་ལ་འཆད་ཁྲིད་དང་བྱིས་པ་དང་དགེ་རྒན་དག་ལ་ཟབ་སྦྱོང་ཐེངས་མང་པོ་སྤྲད་མྱོང་ཡོད། ༢༠༡༣ལོར་ཨ་རིར་སོང་ནས་བྱིས་པའི་སློབ་གསོའི་སྐོར་ལ་སློབ་སྦྱོང་བྱས། ༢༠༡༦ལོར་ཡོ་རོབ་ནོར་ཝེ་རུ་བསྡུས་པའི་རྒྱལ་སྤྱིའི་བོད་རིག་པའི་བགྲོ་གླེང་ཚོགས་འདུ་རུ་ཞུགས་པ་དང་། ཞོར་ནས་ཧྥ་རན་སི་དང་འཇར་མན། བྷེལ་ཇམ་དང་སི་བེ་སི་བཅས་ནས་བྱིས་པའི་སློབ་གསོའི་སྐོར་ལ་རྟོག་ཞིབ་དང་སློབ་སྦྱོང་བྱས། ༢༠༡༨ལོའི་ཟླ་༣པའི་ཚེས་༤ཉིན་རེབ་གོང་ཁུལ་ཐོག་ཏུ་སྐལ་བཟང་མེ་ཏོག་བྱིས་སྐྱོང་གླིང་ཞེས་པ་ཞིག་གསར་དུ་བཙུགས་ནས་སློབ་གཙོའི་འགན་ཁུར་ཡོད། ཁོང་གིས་ད་ལྟའི་བར་དུ་ནོ་པེར་ཞི་བདེའི་གཟེངས་རྟགས་ཐོབ་མྱོང་བའི་ནུབ་གླིང་གི་རྩོམ་པ་པོ་གྲགས་ཅན་འཇན་སུ་ཊན་བྷེ་ཁུའི་བརྩམས་སྒྲུང་གྲགས་ཅན་མུ་ཏིག་ཅེས་པ་དང་། ཇག་ཚང་ལོར་ནཱ། འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་ཀྱི་རྣམ་ཐར་བཅས་དབྱིན་ཡིག་ནས་བོད་ཡིག་ཏུ་བསྒྱུར་ཡོད་པ་མ་ཟད། ནུབ་གླིང་གི་བྱིས་པའི་རྩོམ་རིག་ཁྲོད་གོ་ས་ངེས་ཅན་བཟུང་ཡོད་པའི་སྒྲུང་གྲགས་ཅན་རོ་བྷོན་སོན་ཁུ་རོ་སི་ཞེས་པ་བོད་ཡིག་ཏུ་བསྒྱུར་ནས་དཔར་སྐྲུན་བྱས། མར་ཊན་ལུའུ་ཐུར་ཁུན་དང་ལས་འབྲས་སོགས་ཀྱང་བོད་ཡིག་ཏུ་བསྒྱུར་ཡོད། ད་དུང་བྱིས་པའི་ཀློག་དེབ་མཚོ་རྟ་ཞེས་པ་དེའང་བོད་ཡིག་ཏུ་བསྒྱུར་ཡོད། གཞན་ཡང་བྱིས་པའི་སློབ་གསོའི་སྐོར་གྱི་རྩོམ་ཡིག་མང་པོ་བྲིས་ནས་བཙན་པོ་དྲ་བ་སོགས་སུ་བཀོད་ཡོད། ཁོང་གིས་བྱིས་པའི་སློབ་གསོའི་སྐོར་ལ་ཞིབ་འཇུག་དང་ལག་ལེན་བྱེད་མུས་སུ་ཡོད་པ་བཅས་ངོ་སྤྲོད་མདོར་བསྡུས་སུ།
རྩོམ་སྒྲིག་པ་དང་མདོ་འཛིན་པ ། འཆི་མེད་སྒྲོལ་མ།
རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།
ཁྲིད་གཏོང་བ། ལྷ་སྒྲོན།
ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།
སྤྱིའི་ལྟ་སྐུལ་པ། རྣ་བྷ།
རྒྱ་ཆེའི་ཉན་མཁན་ཚོས་ང་ཚོ་སློབ་རའི་འགྱུར་ཁུགས་ལེ་ཚན་དུ་གསར་འགྱུར་སྐུར་ནQQ 1834307929ནང་དུ་སྐུར་རྒྱུ་དང་རེ་བ་དང་བསམ་འཆར་ཅི་ཡོད་ལེ་ཚན་འདིའི་མཇུག་གི་དཔྱད་གཏམ་སྤེལ་སར་འགོད་པར་དགའ་བསུ་ཞུ།
གཞུང་ལས་ཁང་། 0971 6329322
སྦྲག་སྲིད་ཨང་གྲངས། 810008 青海省西宁市西关大街81号青海人民广播电台藏语频率<<青春风景线 >>栏目