【སློབ་རའི་གསར་འགྱུར་སྐུད་ལམ།】ཚན་པ་འདིའི་ནང་དུ་སློབ་རའི་གསར་འགོད་པ་དག་བརྒྱུད་ནས་འདས་པའི་གཟའ་འཁོར་གཅིག་རིང་གི་སློབ་ར་སོ་སོའི་གསར་བྱུང་གནས་ཚུལ་ལ་རྒྱུས་ལོན་བྱ་རྒྱུ་ཡིན། ཐེངས་འདིའི་གསར་འགོད་པ་དག་ནི་གཤམ་གསལ།
ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་རའི་གསར་འགོད་པ། འཕྲིན་ལས།
གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་གསར་འགོད་པ། གཡང་ཕྱུག་རྒྱལ།
གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གསར་འགོད་པ། ལི་ཐང་ཕུན་ཚོགས།
【ངག་འཕྲིན་གཞོན་ནུའི་སེམས་སྒྲ།】ཚན་པ་འདིའི་ནང་དུ་༼ ངའི་སློབ་གཉེར་དང་ཕུགས་བསམ། ༽ ཞེས་པའི་བརྗོད་གཞི་ཞིག་བཀོད་སྒྲིག་བྱས་ཡོད། གདན་ཞུའི་སྐུ་མགྲོན་ནི་པེ་ཅིང་སྒྱུ་རྩལ་སློབ་གླིང་གི་སློབ་གྲོགས་སྐྱབས་བྷེ་ཡིན།
【ང་ཡི་ལང་ཚོའི་རྨི་ལམ།】ཚན་པ་འདིའི་ནང་དུ་༼ ཕུགས་འདུན་གྱི་སླད་དུ་ང་རང་ནམ་ཡང་ཁོམ་མ་མྱོང་། ༽ ཞེས་པའི་བརྗོད་གཞི་ཞིག་བཀོད་སྒྲིག་བྱས་ཡོད། གདན་ཞུའི་སྐུ་མགྲོན་ནི་ལས་སྒོ་གསར་སྤེལ་གྱི་ཐད་ལ་འབད་བཞིན་པའི་གྲོགས་པོ་བདེ་ལྡན་ཡིན།
ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་རའི་གསར་འགྱུར།
༢༠༡༨ལོའི་ཟླ༤པའི་ཚེས༢༠ཉིན་གྱི་སྔ་དྲོའི་དུས་ཚོད་དགུ་བར། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི༢༠༡༨ལོའི་དཔྱིད་ཀའི་ལུས་རྩལ་འགྲན་ཚོགས་སློབ་ཁུལ་གསར་བའི་ལུས་རྩལ་ར་བ་ནས་གཟབ་རྒྱས་ངང་བསྡུས། ལུས་རྩལ་འགྲན་ཚོགས་ཀྱི་དབུ་འབྱེད་མཛད་སྒོའི་སྟེང་སློབ་གྲྭའི་མགོ་ཁྲིད་དང་སློབ་གླིང་སོ་སོའི་མགོ་ཁྲིད་སོགས་ཞུགས་ཏེ། དབུ་འབྱེད་གཏམ་བཤད་གནང་ཞིང་ལུས་རྩལ་འགྲན་ཚོགས་དངོས་སུ་མགོ་བརྩམས་པ་ཁྱབ་བསྒྲགས་བྱས་པ་དང་བསྟུན་མཆོང་རྒྱུགས་འཕེན་གསུམ་གྱི་ལུས་རྩལ་འགྲན་ཚོགས་དངོས་སུ་མགོ་བརྩམས། ཐེངས་འདིའི་ལུས་རྩལ་འགྲན་ཚོགས་ཉིན་གསུམ་གྱི་རིང་སྤེལ་ཞིང་། འགྲན་སྡུར་ཁྲོད་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གི་སློབ་མའི་ཚོགས་པའི་བྱ་བའི་བཀོད་སྒྲིག་དང་རམ་འདེགས། ལུས་རྩལ་པ་རྣམས་ཀྱི་ཧུར་བརྩོན་འོག རང་རེའི་སློབ་གླིང་ལ་སློབ་གྲྭའི་ཐེངས་འདིའི་དཔྱིད་ཀའི་ལུས་རྩལ་འགྲན་ཚོགས་ཁྲོད་ཨང་ལྔ་བའི་གཟེངས་རྟགས་ཐོབ། ཟླ༤པའི་ཚེས༢༣ཉིན། ལུས་རྩལ་འགྲན་ཚོགས་ཁྲོད་འབྲས་བཟང་ཐོབ་པའི་སློབ་གླིང་ལ་བྱ་དགའ་གནང་རྗེས་འགྲན་ཚོགས་ཡོངས་སུ་མཇུག་སྒྲིལ།
༢༠༡༨ལོའི་ཟླ༤བའི་ཚེས༢༣ཉིན་གྱི་དགོང་མོའི་ཆུ་ཚོད་བདུན་གྱི་སྟེང་། མཛེས་ལྡན་ཐོག་ཁང་གི་སློབ་ཁང༢༠༥དང༥༠༧ནང་དུ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གིས་བོད་ཀྱི་ཡིག་གཟུགས་རིག་གནས་གོང་སྤེལ་དང་། སློབ་མའི་ཡིག་གཟུགས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་བ། ཡིག་གཟུགས་ཀྱི་མོས་པ་སྐྱེད་སྲིང་བྱེད་པ་བཅས་ཀྱི་ཆེད་དུ། བོད་ཀྱི་ཡིག་གཟུགས་འགྲན་སྡུར་སྐབས་བརྒྱད་པ་དངོས་སུ་སྤེལ། བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གི་སྐད་བརྡ་རིག་པའི་སློབ་དཔྱོད་ཁང་གི་ཀྲུའུ་རིན། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཀྱི་ཡིག་གཟུགས་མཐུན་ཚོགས་ཀྱི་མཛུབ་སྟོན་དགེ་རྒན་སངས་རྒྱས་བསོད་ནམས་ཀྱིས་འགྲན་སྡུར་ལ་མདོ་འཛིན་བྱས་ཤིང་། དགེ་རྒན་ལྕགས་ཐར་ཚེ་རིང་དང་ཕྱག་རྡོར་སྐྱབས་གཉིས་ཀྱིས་རྒྱུགས་ར་ལ་དོ་དམ་མཛད། ཐེངས་འདིའི་ཡིག་གཟུགས་འགྲན་སྡུར་ནི་སློབ་གྲྭ་ཡོངས་ལ་ཁ་ཕྱོགས་ནས་སྤེལ་བ་ཞིག་ཡིན་པས། ཡིག་གཟུགས་ལ་སྤྲོ་སྣང་ཡོད་པའི་སློབ་གྲོགས་ཉིས་བརྒྱ་ལྷག་འགྲན་སྡུར་ལ་ཞུགས་ཤིང་། འགྲན་སྡུར་ཆུ་ཚོད་གཉིས་ཀྱི་རིང་དུ་སྤེལ། འགྲན་ཞུགས་པས་བྲིས་པའི་ཡིག་གཟུགས་བརྩམས་ཆོས་དགེ་རྒན་དཔྱད་འདེམ་པ་རྣམས་ཀྱིས་དཔྱད་བསྡུར་དང་ཞིབ་བཤེར་ནན་ཏན་མཛད་རྗེས་བརྩམས་ཆོས་ཕུལ་བྱུང་ཅན་བདམ་སྟེ་འགྲེམ་སྟོན་བྱས།
གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་སློབ་རའི་གསར་འགྱུར།
༤•༢༣ ཉིན་ཏེ་འཛམ་གླིང་དཔེ་ཀློག་ཉིན་མོར་ཆེད་དུ་དམིགས་ནས་གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གིས་དཔེ་ཀློག་བྱེད་སྒོ་སྤེལ་བ།
གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་རའི་གསར་འགྱུར།
འཛམ་གླིང་དཔེ་ཀློག་ཉིན་མོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་དཔེ་ཀློག་བྱ་འགུལ་སྤེལ་བ།
ཧོར་གཙང་དཀོན་མཆོག་རྒྱ་མཚོ་ལགས་ཀྱིས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ལ་རོགས་སྐྱོར་བྱས་པར་བཀའ་དྲིན་ཞུ་བའི་མཛད་སྒོ་སྤེལ་བ།
ན་གཞོན་འཁྲབ་ཁྲིད་པ་སྐྱབས་བྷེ།
༼ དགུན་ལམ་རིང་མོ༽ ཞེས་པའི་གློག་བརྙན་གྱི་འགྲེམ་པར།
༼ དགུན་ལམ་རིང་མོ༽ ཞེས་པའི་གློག་བརྙན་ཕབ་སྐྲུན་གྱི་ཡུལ་དངོས།
ན་གཞོན་ཕུགས་འདུན་ཅན་བདེ་ལྡན།
རྩོམ་སྒྲིག་པ། བཀྲ་ཤིས་རྒྱ་མཚོ།
མདོ་འཛིན་པ། བཀྲ་ཤིས་རྒྱ་མཚོ།
ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།
སྤྱིའི་ལྟ་སྐུལ་བ། རྣ་བྷ།
གསན་མཁན་ལྷན་རྒྱས་ལ་བསམ་འཆར་དང་རེ་བ་ཅི་ཡོད་གཤམ་གྱི་འབྲེལ་གནས་བརྒྱུད་དེ་བརྗོད་ཆོག །
ཁ་པར། 09716329322 15202581289
སྐད་འཕྲིན། boyutb
ཡིག་ཟམ། 824136958@qq.com