སློབ་རའི་འགྱུར་ཁུགས་སྐབས༼ ༢༡༦༥༽ ཛམ་ཐང་སློབ་གསོའི་གནས་བབ་དང་རྗེ་ཙོང་ཁ་པའི་མཛད་རྗེས་ལ་རགས་ཙམ་དཔྱད་པ།
2018.05.02 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 124

སློབ་གསོ་མཁས་བརྒྱའི་དཔྱད་གླེང་།】ཚན་པ་འདིའི་ནང་དུ་༼   གཞི་རིམ་སློབ་གསོའི་གནས་བབ་སྐོར་གླེང་བ༽  ཞེས་པའི་བརྗོད་གཞི་ཞིག་བཀོད་སྒྲིག་བྱས་ཡོད། གདན་ཞུའི་སྐུ་མགྲོན་ནི་ཟི་ཁྲོན་རྔ་བ་ཁུལ་ཛམ་ཐང་བོད་ཡིག་སློབ་འབྲིང་གི་བོད་ཡིག་དགེ་རྒན་འཇིགས་བྱེད་སྐྱབས་ཡིན།
ངག་འཕྲིན་གཞོན་ནུའི་སེམས་སྒྲ།】ཚན་པ་འདིའི་ནང་དུ་༼  རྗེ་ཙོང་ཁ་པའི་མཛད་རྗེས་ལ་རགས་ཙམ་དཔྱད་པ༽  ཞེས་པ་བཀོད་སྒྲིག་བྱས་ཡོད། གདན་ཞུའི་སྐུ་མགྲོན་ནི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་གྲོགས་འཇམ་དབྱངས་རྒྱ་མཚོ་ཡིན།

QQ图片20180502103007.png

རྩོམ་འབྲི་བ་ཐེ་རྐྱང་། ཉག་ཕྲན་ནམ་འཇིགས་བྱེད་སྐྱབས་ནི་1985ལོར་མདོ་སྨད་ཅོ་ནེ་རྒྱལ་པོའི་མངའ་སྡེར་གཏོགས་པའི་སའི་ཆར་དིང་སང་གི་སྲིད་འཛིན་གྱི་བགོ་སྟངས་ལྟར་ན་སི་ཁྲོན་མཛོད་དགེ་འམ་མཛོད་པ་དགེ་འདུན་གྱི་གཞིས་ཀའི་ཁོངས་གཏོགས་ཤོག་བཅུ་གཉིས་ཀྱི་ནང་གསེས་རྐྱང་ཚ་རུ་ཆེས་ཐོག་མའི་དལ་འབྱོར་རྙེད་དཀའ་བའི་ལུས་རྟེན་ཐོབ། ཐོབ་པ་ཙམ་དུ་མ་ཟད་དྲིན་མ་ལོའི་སྐུ་དྲིན་ཅན་མས་རིགས་པ་འཚོལ་བའི་ལམ་དུ་ཆུང་ངུའི་དུས་ནས་ཐོས་བསམ་བྱེད་པའི་གོ་སྐབས་ཡག་པོའི་ཁོར་ཡུག་བསྩལ་ཏེ། ཆུང་འབྲིང་སློབ་གྲྭ་འགྲིམས་ཏེ་མཐར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་བོད་ཀྱི་རྩོམ་རིག་དང་དེའི་ཞོར་དུ་མདོ་སྨད་བཀྲ་ཤིས་འཁྱིལ་ནས་ཡིག་གཟུགས་དང་སྒྲ་སྙན་ངག་དང་མངོན་བརྗོད་བསྡུས་གྲྭ་སོགས་ལ་རེག་ཙམ་གྱི་བག་ཆགས་བཞག་པ་དང་། ད་དུང་མདོ་སྨད་ཀིརྟི་དགོན་གྱི་དགེ་བའི་བཤེས་གཉེན་ཆེན་མོ་དགེན་དཀོན་ཅོག་བཟོད་པ་སོགས་ཀྱི་མདུན་ནས་སུམ་རྟགས་དང་། སྙན་ངག་དག་ཡིག་བསྡུས་གྲྭ་སོགས་ལ་བག་ཆགས་ཅུམ་ཙམ་ཅུང་ཙམ་བཞག་ཁུལ་བྱས་ཏེ་གོ་བསྐལ་ཡག་པོ་ངང་ནས་མི་ཚེ་ཕྱེད་ཀ་རྫོགས་ཏེ་ཐོས་བསམ་བགྱིད་པའི་བསྐལ་བཟང་ཨེ་མ་ཧོ་རྨད་བྱུང་ངོ་།། ད་ལྟའི་ལས་སྣེ་ནི་སི་ཁྲོན་རྔ་བ་ཁུལ་ཛམ་ཐང་བོད་ཡིག་སློབ་འབྲིང་ན་བོད་སྐད་ཡིག་གི་དགེ་མིང་ཙམ་གྱི་འགན་ཁུར་ཡོད།

QQ图片20180502103025.png

ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་གྲོགས་འཇམ་དབྱངས་རྒྱ་མཚོ།

རྩོམ་སྒྲིག་པ།  བཀྲ་ཤིས་རྒྱ་མཚོ།

མདོ་འཛིན་པ།  བཀྲ་ཤིས་རྒྱ་མཚོ།

རྩོམ་འགན་པ།  ཚེ་མགོན།

ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།

སྤྱིའི་ལྟ་སྐུལ་བ། རྣ་བྷ།