སློབ་རའི་འགྱུར་ཁུགས་སྐབས《༢༢༦༨》པ། སློབ་མའི་ཟས་སྤྱོད་བདེ་འཇགས་སྐོར་གླེང་བ།
2018.05.07 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 43

【སློབ་གསོ་མཁས་བརྒྱའི་དཔྱད་གླེང་།】ཚན་པ་འདིའི་ནང་དུ{སློབ་མའི་ཟས་སྤྱོད་བདེ་འཇགས་སྐོར་གླེང་བ}ཞེས་པའི་ཁག་གཉིས་པ་བཀོད་སྒྲིག་བྱས་ཡོད་པ་དང་། གདན་ཞུའི་སྐུ་མགྲོན་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་དགེ་རྒན། མཚོ་སྔོན་སློབ་ཆེན་ཁོང་གཏོགས་སྨན་ཁང་གི་སྨན་པ་བཀྲ་ཤིས་དོན་འགྲུབ་ཡིན།
【ང་ཡི་ལང་ཚོའི་རྨི་ལམ།】ཚན་པ་འདིའི་ནང་དུ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་གྲོགས་བཀྲ་ཤིས་དང་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོའི་སློབ་གྲོགས་པདྨ་རྡོ་རྗེ་གཉིས་ཞུགས་ནས་རང་རང་གི་ཆུང་དུས་ཀྱི་རྨི་ལམ་དང་ཕུགས་བསམ་གླེང་ཡོད།

微信图片_20180507142805_副本.jpg

ལེ་ཚན་འདིའི་གདན་ཞུའི་སྐུ་མགྲོན་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་དགེ་རྒན། མཚོ་སྔོན་སློབ་ཆེན་ཁོང་གཏོགས་སྨན་ཁང་གི་སྨན་པ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་ལེ་ཚན་ཐད་གཏོང་ཁང་དུ་སློབ་མའི་ཟས་སྤྱོད་བདེ་འཇགས་སྐོར་ཁ་བརྡ་གནང་བཞིན་པ། {གཡས} 

微信图片_20180507115745_副本.jpg

ལེ་ཚན་འདིའི་ང་ཡི་ལང་ཚོའི་རྨི་ལམ་གྱི་ཚན་པར་ཞུགས་པའི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་གྲོགས་རྭ་རྒྱ་བཀྲ་ཤིས།

微信图片_20180507084611_副本.jpg

ལེ་ཚན་འདིའི་ང་ཡི་ལང་ཚོའི་རྨི་ལམ་གྱི་ཚན་པར་ཞུགས་པའི་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོའི་སློབ་གྲོགས་པདྨ་རྗེ།

མདོ་འཛིན་པ། གནམ་སྐྱབས་རྒྱལ།
རྩོམ་སྒྲིག་པ། གནམ་སྐྱབས་རྒྱལ།
རྩོམ་འགན་པ། ཚེ་མགོན།
ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།
སྤྱིའི་ལྟ་སྐུལ་བ། རྣ་བྷ།
རྒྱ་ཆེའི་ཉན་མཁན་རྣམ་པར་བསམ་འཆར་དང་རེ་བ་ཅི་ཡོད་ན་གཤམ་གྱི་འབྲེལ་གནས་འདི་དག་སྦྲེལ་རོགས།

ཁ་པར། 09716329322 13209737776

སྐད་འཕྲིན། njj169682

ཡིག་ཟམ། niansai@126.com