སློབ་རའི་འགྱུར་ཁུགས་སྐབས༼ ༢༢༧༣༽ གཟའ་མཇུག་གི་ཆེད་སྒྲིག་ལེ་ཚན། རྫོངས་སྟ་དྲི་ཟའི་སྒྲ་སྙན།
2018.05.21 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 118

སློབ་རའི་གསར་འགྱུར་སྐུད་ལམ།】ཚན་པ་འདིའི་ནང་དུ་འདས་པའི་གཟའ་འཁོར་གཅིག་རིང་གི་སློབ་ར་སོ་སོའི་གསར་བྱུང་གི་གནས་ཚུལ་ལ་རྒྱུས་ལོན་བྱས་ཡོད། ཐེངས་འདིའི་སློབ་རའི་གསར་འགོད་པ་དག་ནི་གཤམ་གསལ།
ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་རའི་གསར་འགོད་པ། ཐེག་མཆོག་ཉི་མ།
གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་རའི་གསར་འགོད་པ། རྭ་བཀྲ་ཤིས།
གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་སློབ་རའི་གསར་འགོད་པ། གཡང་ཕྱུག་རྒྱལ།

ང་ཡི་ལང་ཚོའི་རྨི་ལམ།】ཚན་པ་འདིའི་ནང་དུ་མཚོ་སྔོན་དགེ་འོས་སློབ་ཆེན་གྱིས་བསྒྲུབས་པའི་མདོ་ཁམས་སྒྲ་སྙན་སྐྱིད་སྡུག་གི་ཚོགས་མི་རྒན་པ་སྐྱེལ་བའི་རིག་རྩལ་སྤྲོ་ཚོགས༼  རྫོངས་སྟ་དྲི་ཟའི་སྒྲ་སྙན།༽  ཞེས་པའི་ངོས་ཐད་ནས་བཅར་འདྲི་བྱས་ཡོད། གདན་ཞུའི་སྐུ་མགྲོན་ནི་མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་སློབ་གྲོགས་མདོ་ཁམས་སྒྲ་སྙན་སྐྱིད་སྡུག་ཚོགས་པའི་ཚོགས་གཙོ་ཧོར་རྒྱམ་དང་སྒྲོལ་མ་སྐྱབས། དམེ་བཟའ་རང་ལྷ་བཅས་ཡིན།

IMG_1948.JPG

སྤྱི་ལོ༢༠༡༨ ལོའི་ཟླ་༥བའི་ཚེས་༦ ནས་ཚེས ༡༢ བར་གྱི་ཉིན་རེའི་ཕྱི་དྲོའི་དུས་ཚོད་གསུམ་ཕྱེད་ནས་དྲུག་གི་བར། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གིས་གདན་ཞུས་ལྟར་དགེ་བཤེས་འཇམ་དཔལ་བློ་ཤེས་ལགས་ཀྱིས་༼  རྒྱ་གར་གྱི་གནའ་རབས་རྩོམ་རིག་དང་ལམ་རིམ་བསྡུས་དོན།༽ ཞེས་པ་བརྗོད་གཞིར་བཟུང་སྟེ་སློབ་ཁུལ་རྙིང་བའི་མཁས་མཆོག་ཐོག་ཁང་གི་སློབ་ཁང༣༠༧་དུ་འཆད་ཁྲིད་བྱས་ཤིང་། འཆད་ཁྲིད་དུ་བོད་ཡིག་སློབ་གླིང་གི་དགེ་རྒན་རྣམ་པ་གཙོས་འབུམ་རམས་པ་དང་ཞིབ་འཇུག་སློབ་མ། དངོས་གཞིའི་སློབ་མ་དང་ཆེད་སྦྱོང་སློབ་མ་རེ་འགའ་བཅས་ཞུགས་ཡོད།

IMG_1949.JPG

༢༠༡༨ལོའི་ཟླ༥པའི་ཚེས༩ཉིན་གྱི་སྔ་དྲོའི་ཚུ་ཚོད༩:༣༠སྟེང་། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་ཁུལ་གསར་བའི་མཛེས་སྙེག་ཐོག་ཁང་གི་སློབ་ཁང་ཆེ་ཤོས་བདུན་དུ། བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གི༢༠༡༨ལོའི་མཐར་ཕྱིན་སློབ་མ་ཡོངས་ཚོ་ཆུང་བདུན་ལ་བགོས་ཏེ་མཐར་ཕྱིན་དཔྱད་རྩོམ་གྱི་དམ་བཅའ་བཞག
དཔྱད་རྩོམ་བགྲོ་གླེང་གི་གོ་རིམ་ཁྲོད། ཐོག་མར་ཚོ་ཆུང་སོ་སོའི་འགན་འཛིན་དགེ་རྒན་གྱིས་མཐར་ཕྱིན་དཔྱད་རྩོམ་དམ་བཅའི་སྐབས་ཀྱི་སྒྲིག་ལམ་གསལ་བསྒྲགས་བྱས་པ་དང་། དེ་ནས་མཐར་ཕྱིན་སློབ་མ་སོ་སོས་རང་རང་གི་དཔྱད་རྩོམ་གྱི་ཁ་ཡིག་འདེམས་པའི་དམིགས་ཡུལ་དང་དོན་སྙིང་། རྒྱལ་ཁབ་ཕྱི་ནང་གི་ཞིབ་འཇུག་གི་གནས་བབ། སྒྲིག་གཞི། ནང་དོན་སྤྱི་ཁོག་དང་གསར་བཏོད་ཀྱི་ཆ་བཅསPPTབརྙན་ཡོལ་བརྒྱུད་ངོ་སྤྲོད་བྱས། ཚོ་ཆུང་སོ་སོའི་དགེ་རྒན་རྣམས་ཀྱིས་ཁོ་ཚོའི་དཔྱད་རྩོམ་གྱི་ཁྱད་ཆོས་དང་གནད་དོན་སོགས་ལ་སྤྱིའི་ཆ་ནས་གདེང་འཇོག་གནང་སྟེ་དྲི་བ་བཏོན། སློབ་གྲོགས་ཚོས་རང་གི་དཔྱད་རྩོམ་དང་འབྲེལ་ནས་དྲི་བར་ལན་བཏབ་པ་དང་། དགེ་རྒན་རྣམས་ཀྱིས་སློབ་གྲོགས་སོ་སོའི་དཔྱད་རྩོམ་དམ་བཅའ་བཞག་པར་སྐར་མ་རྒྱབ་ནས་སྤྱི་སྐར་བརྩིས་ཤིང་འབྲེལ་ཡོད་རེའུ་མིག་ཁག་ཡོངས་སུ་བསྐངས་ཏེ་དམ་བཅའི་གོ་རིམ་ལེགས་པར་གྲུབ།

IMG_1947.JPG

སྤྱི་ལོ་༢༠༡༨ལོའི་ཟླ་༥བའི་ཚེས་༡༢ཏེ་རེས་གཟའ་སྤེན་པའི་ཉིན། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གིས། དགེ་བཤེས་འཇམ་དཔལ་བློ་ཤེས་ལགས་སློབ་ཁུལ་གསར་བ་དབྱི་གྲོང་དུ་གདན་ཞུ་བྱས་ཏེ། ཁོང་གིས་སྔ་དྲོའི་དུས་ཚོད་བཅུ་པ་ནས་བཟུང་དུས་ཚོད་གཉིས་ཀྱི་རིང་དེ་ཉིད་ཐོག་ཁང་གི་༢༠༡་ཚོགས་ཁང་ནང་འཆད་ཁྲིད་གནང་བ་དང་། གཞུག་གི་སྐར་མ་༡༥ནང་སློབ་གྲོགས་རེ་འགས་དྲི་བ་བཏོན་པར་དགེ་བཤེས་མཆོག་གིས་སློབ་གྲོགས་ཚོར་དྲི་ལན་གནང་ཡོད་པ་རེད།

IMG_1983.JPG

གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་སྐབས་བཅུ་དྲུག་པའི་ལྔ་བཞི་གཞོན་ནུའི་ལུས་རྩལ་འགྲན་ཚོགས་གཟབ་རྒྱས་ངང་ཚོགས་པ།

IMG_1984.JPG

གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་དང་མགོ་ལོག་རྟ་བྲག་དྭ་ཕྲུག་སློབ་གྲྭ་གཉིས་ཀྱིས་མི་རིགས་མཐུན་སྒྲིལ་གྱི་ལག་གདང་གཅིག་ཏུ་སྦྲེལ་བའི་མཛའ་བརྩེ་སྤོ་ལོའི་འགྲན་སྡུར་བྱས་པ།

IMG_1985.JPG

གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་ལྗང་མདོག་ཅན་གྱི་འཁོར་ཡུག་ཅིག་བསྐྲུན་ཆེད་སྡོང་འཛུགས་བྱ་འགུལ་སྤེལ་བ།

IMG_1986.JPG

གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི ༥•༡༢ རྒྱལ་སྤྱིའི་སྨན་ཞབས་དུས་ཆེན་བསུ་བའི་རིག་རྩལ་དགོང་ཚོགས་བསྡུས་པ།

IMG_1987.JPG

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་ལ་སློབ་སྦྱོང་བྱས་པ།

IMG_1994.JPG

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་རྨ་འགྲམ་དུ་སྡོང་འཛུགས་ནགས་སྐྲུན་བྱས་པ།

IMG_1995.JPG

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཤེས་རིག་འགྲན་གླེང་སྐབས་༣༧༣པ་སྤེལ་བ།

IMG_1935.JPG

མཚོ་སྔོན་དགེ་འོས་སློབ་ཆེན་གྱིས་བསྒྲུབས་པའི་མདོ་ཁམས་སྒྲ་སྙན་སྐྱིད་སྡུག་གི་ཚོགས་མི་རྒན་པ་སྐྱེལ་བའི་རིག་རྩལ་སྤྲོ་ཚོགས༼  རྫོངས་སྟ་དྲི་ཟའི་སྒྲ་སྙན།༽  ཞེས་པའི་འགྲེམ་པར།

IMG_1827.JPG

༼  རྫོངས་སྟ་དྲི་ཟའི་སྒྲ་སྙན༽  ཞེས་པའི་སྤྲོ་ཚོགས་ཀྱི་འཁྲབ་བྱང་པར་ངོས།

IMG_1997.JPG

སྤྲོ་ཚོགས་ཀྱི་ཡུལ་དངོས་དང་འཁྲབ་སྟོན་པ་ཚོའི་ཉམས་སྣང་།

IMG_1998.JPG

ཡབ་མེས་ཀྱི་རིག་གནས་ལ་ཕ་ངོ་འཕྲོད་པའི་གཞོན་རབས་ཀྱི་དཔུང་གདང་།

IMG_1999.JPG

མདོ་ཁམས་སྒྲ་སྙན་སྐྱིད་སྡུག་ཚོགས་པའི་ཚོགས་གཙོ་ཧོར་རྒྱམ།

IMG_2001.JPG

མདོ་ཁམས་སྒྲ་སྙན་སྐྱིད་སྡུག་ཚོགས་པའི་ཚོགས་མི་སྒྲོལ་མ་སྐྱབས།

IMG_2002.JPG

མདོ་ཁམས་སྒྲ་སྙན་སྐྱིད་སྡུག་ཚོགས་པའི་ཚོགས་མི་དམེ་བཟའ་རང་ལྷ།

རྩོམ་སྒྲིག་པ།  བཀྲ་ཤིས་རྒྱ་མཚོ།

མདོ་འཛིན་པ།  བཀྲ་ཤིས་རྒྱ་མཚོ།

རྩོམ་འགན་པ། ཚེ་མགོན།

ལྟ་སྐུལ་བ། དབྱངས་ཅན།

སྤྱིའི་ལྟ་སྐུལ་བ།  རྣ་བྷ།

གསན་མཁན་ལྷན་རྒྱས་ལ་བསམ་འཆར་དང་རེ་བ་ཅི་ཡོད་གཤམ་གྱི་འབྲེལ་གནས་བརྒྱུད་དེ་བརྗོད་ཆོག །
ཁ་པར། 09716329322 15202581289
སྐད་འཕྲིན། boyutb
ཡིག་ཟམ། 824136958@qq.com