སློབ་རའི་འགྱུར་ཁུགས་སྐབས༼ ༢༢༧༩༽ གཟའ་མཇུག་གི་ཆེད་སྒྲིག་ལེ་ཚན། གྲོང་ཁྱེར་གྱི་བོད་རིགས་ཨ་མ་ཞིག་གི་སེམས་གཏམ།
2018.06.04 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 100

 【སློབ་རའི་གསར་འགྱུར་སྐུད་ལམ།】ཚན་པ་འདིའི་ནང་དུ་འདས་པའི་གཟའ་འཁོར་གཅིག་རིང་གི་སློབ་ར་སོ་སོའི་གསར་བྱུང་གི་གནས་ཚུལ་ལ་རྒྱུས་ལོན་བྱས་ཡོད། ཐེངས་འདིའི་གསར་འགོད་པ་དག་ནི་གཤམ་གསལ།
ནུབ་བྱང་མི་རིགས་སློབ་ཆེན་གྱི་གསར་འགོད་པ། འཕྲིན་ལས།
མཚོ་སྔོན་མི་རིགས་སློབ་ཆེན་གྱི་གསར་འགོད་པ། མཁའ་འབུམ་རྒྱལ།
གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གསར་འགོད་པ། ལི་ཐང་ཕུན་ཚོགས།

ངག་འཕྲིན་གཞོན་ནུའི་སེམས་སྒྲ།】ཚན་པ་འདིའི་ནང་དུ་དྲུག་གཅིག་བྱིས་པའི་དུས་ཆེན་ལ་དམིགས་ཏེ་ཁ་བྱང་ལ༼  གྲོང་ཁྱེར་གྱི་བོད་རིགས་ཨ་མ་ཞིག་གི་སེམས་གཏམ།༽ ཞེས་པ་བཀོད་སྒྲིག་བྱས་ཡོད། གདན་ཞུའི་སྐུ་མགྲོན་ནི་རྩོམ་པ་པོ་བོད་གཞུག་སྐྱིད་ཡིན།

IMG_2273.JPG

༢༠༡༨ལོའི་ཟླ༥བའི་ཚེས༡༨ཉིན་གྱི་ཆུ་ཚོད༡༩:༠༠བར། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གི༢༠༡༨ལོའི་མཐར་ཕྱིན་སློབ་མ་སྐྱེལ་བའི་རིག་རྩལ་སྤྲོ་ཚོགས་སློབ་ཁུལ་གསར་བའི་ལུས་རྩལ་ར་བའི་མདུན་དུ་སྤེལ། རིག་རྩལ་སྤྲོ་ཚོགས་ཀྱི་སྟེང་དུ་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གི་འགོ་ཁྲིད་དང་དགེ་རྒན། སློབ་གླིང་སོ་སོའི་སློབ་མའི་ཚོགས་པའི་ཀྲུའུ་ཞི། སློབ་བུ༦༠༠ལྷག་ལྟད་མོ་ལ་འདུས།   

IMG_2274.JPG

ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གིས་སློབ་མའི་སེམས་ཁམས་བདེ་ཐང་ལ་དམིགས་ཏེ་༢༠༡༨ལོའི་ཟླ༥པའི་ཚེས༢༤ཉིན་གྱི་དགོང་མོའི་ཆུ་ཚོད་༧:༣༠སྟེང་། སློབ་ཁུལ་གསར་བའི་བདེན་སྙེག་ཐོག་ཁང་གི་སློབ་ཁང་༡༠༢རུ། བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གིས། ༼འཚོ་བ་འཛུམ་གྱིས་བསུ། མཐུན་པའི་ལག་གདང་སྦྲེལ༽ ཞེས་པའི་སེམས་ཁམས་བདེ་ཐང་སྐོར་གྱི་བྱེད་སྒོ་ཞིག་སྤེལ། རང་རེའི་སློབ་གླིང་གི་དགེ་རྒན་སྒྲོལ་མ་བཀྲ་ཤིས་དང་ཕྱག་རྡོར་སྐྱབས། སྟག་བྷེ། དེ་མིན་སློབ་མའི་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣ་དང༢༠༡༧ལོའི་སློབ་གྲོགས་ཡོངས་བཅས་ཁྱོན་སྡོམ་མི་༣༠༠ལྷག་བྱེད་སྒོར་ཞུགས།

IMG_2267.JPG

༄༅། །མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་གཞི་རིམ་སློབ་གསོ་རོགས་སྐྱོར་ཚོགས་པའི་དཔེ་ཀློག་དཔྱད་གླེང་སྐབས་བཅུ་བའི་རྟིང་རྩོད་འགྲན་སྡུར་དེ་ཟླ༥ཚེས༢༧ཉིན་གྱི་དགོང་མོའི་ཆུ་ཚོད་བདུན་སྟེང་གཡང་དཔལ་ཐོག་ཁང་གི་ལྔ་ཐོག་ནས་གཟབ་རྒྱས་ངང་འཚོགས། ཐེངས་འདིར་དཔྱད་འདེམས་དགེ་རྒན་བརྒྱད་ལྷག་དང་སློབ་མ་ཉིས་བརྒྱ་ལྷག་ཞུགས་ཡོད་པས་དྲི་བ་འདོན་པ་སོགས་འགྲན་རའི་ཡུལ་དངོས་འཁྲུག་ཆ་དོད་པོ་བྱུང་།

IMG_2268.JPG

ཐེངས་འདིའི་བྱེད་སྒོའི་སྟེང་བྱ་དགའ་ཐོབ་པའི་སློབ་གྲོགས་དག་གི་མཉམ་པར།

IMG_2271.JPG

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་༢༠༡༨ལོའི་གསེར་གྱི་གླེགས་བམ་རྟགས་མའི་དཔེ་གཟིགས་ཟིན་ཐོའི་འགྲན་བསྡུར་བྱ་འགུལ།

IMG_2272.JPG
གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གཟའ་ཕུར་བུའི་དམ་བཅའ་ཆེན་མོ།

IMG_2275.JPG

བོད་གཞུག་སྐྱིད། 2013ལོར་མཚོ་སྔོན་བོད་ཀྱི་གསོ་རིག་སློབ་གླིང་ནས་རབ་འབྱམས་ཞིབ་འཇུག་སློབ་མཐར་ཕྱིན། ད་ལྟ་མཚོ་སྔོན་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང《ཀྲུང་གོའི་བོད་ཀྱི་གསོ་རིག》རྩོམ་སྒྲིག་ཁང་དུ་ལག་བསྟར་རྩོམ་སྒྲིག་པའི་བྱ་བ་གཉེར་བཞིན་ཡོད།

རྩོམ་སྒྲིག་པ།  བཀྲ་ཤིས་རྒྱ་མཚོ།

མདོ་འཛིན་པ།  བཀྲ་ཤིས་རྒྱ་མཚོ།

རྩོམ་འགན་པ། ཚེ་མགོན།

ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།

སྤྱིའི་ལྟ་སྐུལ་བ། རྣ་བྷ།

གསན་མཁན་ལྷན་རྒྱས་ལ་བསམ་འཆར་དང་རེ་བ་ཅི་ཡོད་གཤམ་གྱི་འབྲེལ་གནས་བརྒྱུད་དེ་བརྗོད་ཆོག །
ཁ་པར། 09716329322 15202581289
སྐད་འཕྲིན། boyutb
ཡིག་ཟམ། 824136958@qq.com