སློབ་རའི་འགྱུར་ཁུགས་སྐབས།༼ ༢༢༩༥ ༽ སློབ་ཁྲིད་ཅིག་ལས་རྙེད་པའི་སློབ་ཁྲིད་ཀྱི་གོ་བ།
2018.08.01 ཁུངས། ཀློག་གྲངས། 950

ང་ཡི་ལང་ཚོའི་རྨི་ལམ།】ཚན་པ་འདིའི་ནང་དུ་༼སློབ་ཁྲིད་ཅིག་ལས་རྙེད་པའི་སློབ་ཁྲིད་ཀྱི་གོ་བ།༽ཞེས་པ་བཀོད་སྒྲིག་བྱས་ཡོད།  འདིའི་ནང་དུ་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་བོད་ཀྱི་སྐད་ཡིག་དང་རིག་གནས་དུས་སྐབས་བཅུ་པའི་སློབ་ཆེན་སློབ་མའི་མུ་འབྲེལ་བྱ་འགུལ་ལས་བོད་ཡིག་སློབ་ཁྲིད་འཁྲབ་སྟོན་འགྲན་སྡུར་བསྡུས་པའི་ངོས་ཐད་ནས་བཅར་འདྲི་བྱས་ཡོད། གདན་ཞུའི་སྐུ་མགྲོན་ནི་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་གྲོགས་ཕག་མོ་དོན་འགྲུབ་དང་རྒྱ་མོ་སྐྱིད་གཉིས་ཡིན།

ངག་འཕྲིན་གཞོན་ནུའི་སེམས་སྒྲ།】ཚན་པ་འདིའི་ནང་དུ་༼ཁོམ་པ་ཡོད་དུས་ཞོར་ལས་རེ་བྱོས༽ཞེས་པའི་བརྗོད་གཞི་ཞིག་བཀོད་སྒྲིག་བྱས་ཡོད།

སྤྱི་ལོ་༢༠༡༨ལོའི་ཟླ་༧པའི་ཚེས་༤ཉིན། མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་བོད་ཀྱི་སྐད་ཡིག་དང་རྩོམ་རིག་སྡེ་ཁག་གིས་གཙོ་སྒྲུབ་དང་། ༡༥ལོའི་རྩོམ་རིག་འཛིན་གྲྭས་འགན་སྒྲུབ་བྱས་པའི་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་བོད་ཀྱི་སྐད་ཡིག་དང་རིག་གནས་དུས་སྟོན་སྐབས་བཅུ་པའི་སློབ་ཆེན་སློབ་མའི་མུ་འབྲེལ་བྱ་འགུལ་ལས་བོད་ཡིག་སློབ་ཁྲིད་འཁྲབ་སྟོན་འགྲན་སྡུར་བསྡུས་པའི་གནས་ཚུལ་དང་འགྲན་ཞུགས་པ་ཡོངས་ཀྱི་མཉམ་པར།

ཐེངས་འདིའི་འགྲན་སྡུར་ཁྲོད་ཨང་དང་པོ་ཐོབ་མཁན་གྱི་སློབ་གྲོགས་ཕག་མོ་དོན་འགྲུབ་དང་རྒན་སྟོབས་ལྡན་ལགས།

ཐེངས་འདིའི་འགྲན་སྡུར་ཁྲོད་ཨང་གཉིས་པ་ཐོབ་མཁན་གྱི་སློབ་གྲོགས་རྒྱ་མོ་སྐྱིད་དང་རྒན་གཅན་བཀྲ་བྷོ་ལགས།

རྩོམ་སྒྲིག་པ།  བཀྲ་ཤིས་རྒྱ་མཚོ།

མདོ་འཛིན་པ།  བཀྲ་ཤིས་རྒྱ་མཚོ།

རྩོམ་འགན་པ།  ཚེ་མགོན།

ལྟ་སྐུལ་བ། དབྱངས་ཅན།

སྤྱིའི་ལྟ་སྐུལ་བ།  རྣ་བྷ།

གསན་མཁན་ལྷན་རྒྱས་ལ་བསམ་འཆར་དང་རེ་བ་ཅི་ཡོད་གཤམ་གྱི་འབྲེལ་གནས་བརྒྱུད་དེ་བརྗོད་ཆོག །
ཁ་པར། 09716329322 15202581289
སྐད་འཕྲིན། boyutb
ཡིག་ཟམ། 824136958@qq.com