སློབ་རའི་འགྱུར་ཁུགས་སྐབས།༼ ༢༢༩༦ ༽ མེ་ཏོག་སློབ་གསོ་དང་བོད་རིགས་སྐྱེས་མ་ཞིག་གི་ལས་གཏོད་ཀྱི་གོ་རིམ།
2018.07.24 ཁུངས། ཀློག་གྲངས། 754

ང་ཡི་ལང་ཚོའི་རྨི་ལམ།】ཚན་པ་འདིའི་ནང་དུ་༼མེ་ཏོག་སློབ་གསོ་དང་བོད་རིགས་སྐྱེས་མ་ཞིག་གི་ལས་གཏོད་ཀྱི་གོ་རིམ།༽ཞེས་པ་བཀོད་སྒྲིག་བྱས་ཡོད། གདན་ཞུའི་སྐུ་མགྲོན་ནི་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་མཐར་ཕྱིན་སློབ་མ་རིན་ཆེན་མཚོ་ཡིན།  དེ་མིན་༼སྤུན་གསུམ་གྱིས་བསྒྲུབས་པའི་ལས་གཏོད་ཀྱི་བཞུད་ལམ།༽ཞེས་པ་བཀོད་སྒྲིག་བྱས་ཡོད།  གདན་ཞུའི་སྐུ་མགྲོན་ནི་གླང་ཆེན་ལྷ་རི་ཤེས་རིག་ཁྱབ་སྤེལ་ཚད་ཡོད་འགན་ལེན་མཐུན་གཉེར་ཁང་གི་སྤྱི་གཉེར་བ་བན་ཤུལ་མཁས་ཕྲུག་ཡིན།

ངག་འཕྲིན་གཞོན་ནུའི་སེམས་སྒྲ།】ཚན་པ་འདིའི་ནང་དུ་༼གཞན་གྱིས་བསྒྲུབ་མི་འདོད་པའི་བྱ་བ་བསྒྲུབ་དགོས།༽ཞེས་པའི་བརྗོད་གཞི་ཞིག་བཀོད་སྒྲིག་བྱས་ཡོད།

མེ་ཏོག་སློབ་གསོའི་སློབ་གསོ་སྒྲུབ་སྟངས།ངེད་མེ་ཏོག་སློབ་གསོ་ནི་མཚོ་སྔོན་ཞིང་ཆེན་གྱི་ཟི་ལིང་གྲོང་ཁྱེར་ལྟེ་བར་བཟུང་པའི་སྒེར་གཉེར་རང་བཞིན་གྱི་དབྱིན་ཡིག་ཟབ་སྦྱོང་ཚོགས་པ་ཞིག་སྟེ།རིགས་རུས་དང་རྒན་གཞོན།བསླབ་གནས།སློབ་གཉེར་གྱི་རྒྱབ་ལྗོངས་སོགས་རིས་སུ་མི་གཅོད་པར་གཙོ་བོར་སྐུ་ཉིད་ཀྱི་འདོད་མོས་ལྟར།དམའ་རིམ་དང་།འབྲིང་རིམ།མཐོ་རིམ།སློབ་ཆེན་དབྱིན་ཡིག་གི་ཚད་རིམ་བཞི་པ།ཚད་རིམ་དྲུག་པ།དེ་མིན་ཐཱོ་ཧྥོ་སོགས་ཚད་རིམ་མི་གཅིག་པའི་བསླབ་བྱ་སྣ་མང་ལ་སློབ་ཁྲིད་ཀྱི་རྒྱུ་སྤུས་བཟང་ཞིང་སློབ་གཉེར་བ་སོ་སོའི་དངོས་ཡོད་ཀྱི་དགོས་མཁོ་ལྟར་གང་ལ་གང་འཚམ་གྱི་སློབ་ཁྲིད་མཐུན་རྐྱེན་མཆིས་པའི་ཚོགས་པ་ཞིག་ཡིན།

གྲོང་ཁྱེར་ན་བཞད་པའི་མེ་ཏོག་སློབ་གསོ།

རྒྱབ་རོགས་དང་དཔུང་རོགས་སུ་ཕེབས་པའི་དགེ་རྒན་ཚོའི་མཉམ་པར།

ཡིད་ཆེས་དང་རེ་བ་རྡོ་ངོས་སུ་བྲིས་པའི་སྐལ་ལྡན་གྱི་སློབ་བུའི་ཚོགས།

ཕ་སའི་སྤང་ཐང་ན་བཞད་པའི་མེ་ཏོག་སློབ་གསོ།

མེ་ཏོག་སློབ་གསོའི་འགན་འཛིན་པ་རིན་ཆེན་མཚོ།

གླང་ཆེན་ལྷ་རི་ཤེས་རིག་ཁྱབ་སྤེལ་ཚད་ཡོད་འགན་ལེན་མཐུན་གཉེར་ཁང་གི་སྤྱི་གཉེར་བ་བན་ཤུལ་མཁས་ཕྲུག

རྩོམ་སྒྲིག་པ།   བཀྲ་ཤིས་རྒྱ་མཚོ།

མདོ་འཛིན་པ།  བཀྲ་ཤིས་རྒྱ་མཚོ།

རྩོམ་འགན་པ།  ཚེ་མགོན།

ལྟ་སྐུལ་བ། དབྱངས་ཅན།

སྤྱིའི་ལྟ་སྐུལ་བ། རྣ་བྷ།

གསན་མཁན་ལྷན་རྒྱས་ལ་བསམ་འཆར་དང་རེ་བ་ཅི་ཡོད་གཤམ་གྱི་འབྲེལ་གནས་བརྒྱུད་དེ་བརྗོད་ཆོག །
ཁ་པར། 09716329322 15202581289
སྐད་འཕྲིན། boyutb
ཡིག་ཟམ། 824136958@qq.com