སློབ་རའི་འགྱུར་ཁུགས།༼༢༢༩༦༽ ས་ཆེན་རོལ་ཚོགས་དང་མདོ་ཁམས་སྒྲ་སྙན་སྐྱིད་སྡུག
2018.08.03 ཁུངས། ཀློག་གྲངས། 2547

ང་ཡི་ལང་ཚོའི་རྨི་ལམ།】ཚན་པ་འདིའི་ནང་དུ་༼ས་ཆེན་རོལ་ཚོགས་དང་ང་ཚོའི་ཕུགས་འདུན།༽ཞེས་པ་བཀོད་སྒྲིག་བྱས་ཡོད། གདན་ཞུའི་སྐུ་མགྲོན་ནི་ས་ཆེན་རོལ་ཚོགས་ཀྱི་ཚོགས་མི་ཀུན་མཁྱེན་རྡོ་རྗེ་ཡིན།

སློབ་རའི་གསར་འགྱུར་སྐུད་ལམ།】ཚན་པ་འདིའི་ནང་དུ་གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་སློབ་རའི་གསར་འགྱུར་བཀོད་སྒྲིག་བྱས་ཡོད།སློབ་རའི་གསར་འགོད་པ་གཡང་ཕྱུག་རྒྱལ་ཡིན།

ངག་འཕྲིན་གཞོན་ནུའི་སེམས་སྒྲ།】ཚན་པ་འདིའི་ནང་དུ༼མདོ་ཁམས་སྒྲ་སྙན་སྐྱིད་སྡུག་དང་ངའི་དབྱར་གནང་གི་འཚོ་བ།༽ཞེས་པ་བཀོད་སྒྲིག་བྱས་ཡོད།  གདན་ཞུའི་སྐུ་མགྲོན་ནི་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་མདོ་ཁམས་སྒྲ་སྙན་སྐྱིད་སྡུག་གི་ཚོགས་མི་རྒྱ་མཚོ་དང་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སློབ་གྲོགས་སྟོབས་ལྡན་ཚེ་རིང་གཉིས་ཡིན།

ས་ཆེན་རོལ་ཚོགས་ཀྱི་ཚོགས་མིའི་མཉམ་པར།

༼ས་ཆེན་རོལ་དབྱངས༽ཞེས་པའི་བརྩམས་ཆོས་ཀྱི་འགྲེམ་པར།

༼ཁྱོད་རང་གང་ན་ཡོད།༽ཅེས་པའི་བརྩམས་ཆོས་ཀྱི་འགྲེམ་པར།

སྨན་རྩིས་སློབ་དཔོན་ཆེན་མོ་རྒན་བ་རོད་ཐུབ་བསྟན་བསྟན་པའི་རྒྱལ་མཚན་མཆོག་གིས་དེབ་ཆིངས་སྒྱོགས་གསུམ་གྱི་ལག་ལེན་དམར་ཁྲིད་བྱས་པ།

གངས་ལྗོངས་སྨན་གྲོང་གི་རབ་གནས་ས་ཁྱི་ལོ་སྟེ༼༢༠༡༨༽ལོའི་སྐབས་བཅུ་གསུམ་པའི་དཔྱད་རྩོམ་བགྲོ་གླེང་དང་མཐར་ཕྱིན་སྨན་ཞབས་འཛིན་གྲྭའི་ལག་ལེན་འཁྲབ་སྟོན་བྱེད་བཞིན་པའི་ཡུལ་དངོས།

གངས་ལྗོངས་སྨན་གྲོང་གི་སྐབས་བཅུ་གསུམ་པའི་མཐར་ཕྱིན་འཛིན་གྲྭ་དང་སྨན་ཞབས་མཐར་ཕྱིན་འཛིན་གྲྭའི་གསོལ་སྟོན་དང་མཐར་ཕྱིན་མཛད་སྒོ་སྤེལ་བ།

སློབ་གྲོགས་རྒྱ་མཚོ་དང་སྟོབས་ལྡན་ཚེ་རིང་གཉིས་ཀྱི་མཉམ་པར།

རྩོམ་སྒྲིག་པ། བཀྲ་ཤིས་རྒྱ་མཚོ།

མདོ་འཛིན་པ།  བཀྲ་ཤིས་རྒྱ་མཚོ།

རྩོམ་འགན་པ།  ཚེ་མགོན།

ལྟ་སྐུལ་བ། ཨ་བརྟན་རྒྱལ།

སྤྱིའི་ལྟ་སྐུལ་བ། རྣ་བྷ།