སློབ་རའི་འགྱུར་ཁུགས། མི་རིགས་སློབ་གསོའི་ཐད་ཀྱི་བསམ་གཞིགས་ཕྲན་བུ།
2018.08.13 ཁུངས། ཀློག་གྲངས། 1491

སློབ་གསོ་མཁས་བརྒྱའི་དཔྱད་གླེང་།】ཚན་པ་འདིའི་ནང་དུ༼  མི་རིགས་སློབ་གསོའི་ཐད་ཀྱི་བསམ་གཞིགས་ཕྲན་བུ ༽ཞེས་པའི་བརྗོད་གཞི་ཞིག་བཀོད་སྒྲིག་བྱས་ཡོད། གདན་ཞུའི་སྐུ་མགྲོན་ནི་མཚོ་ལྷོ་ཁུལ་ལས་རིགས་ཆེད་ལས་ལག་རྩལ་སློབ་གྲྭའི་ནང་དུ་མཐོ་རིམ་བོད་སྨན་ཆེད་ལས་སློབ་དེབ་རྩོམ་སྒྲིག་གི་བྱ་བ་གཉེར་བཞིན་པའི་དགེ་རྒན་རྟ་མགྲིན་རྒྱལ་ལགས་ཡིན།

ངག་འཕྲིན་གཞོན་ནུའི་སེམས་སྒྲ།】ཚན་པ་འདིའི་ནང་དུ༼  ངའི་དབྱར་གནང་གི་འཚོ་བ།༽ ཞེས་པའི་བརྗོད་གཞི་ཞིག་བཀོད་སྒྲིག་བྱས་ཡོད།  གདན་ཞུའི་སྐུ་མགྲོན་ནི་ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་གྱི་སློབ་གྲོགས་པདྨ་བཟང་བོ་ཡིན།

རྟ་མགྲིན་རྒྱལ་ནི། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཕྲང་དམར་གྲོང་རྡལ་ལ་འགྲོ་ཞོལ་མ་ཀ་གྱ་སྡེ་བ་རུ༡༩༦༣ལོར་སྐྱེས། ༡༩༨༥ལོར་མཚོ་ལྷོ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭ་ནས་མཐར་ཕྱིན་ཏེ་བྱ་བར་ཞུགས་ནས་བཟུང་ལོ་ངོ་སུམ་ཅུའི་རིང་སློབ་ཁྲིད་བྱས་ཏེ༢༠༡༥ལོར་ལས་ཁྱུར་ངལ་གསོ་བྱས་པ་ཡིན། ད་ལྟ་མཚོ་ལྷོ་ཁུལ་ལས་རིགས་ཆེད་ལས་ལག་རྩལ་སློབ་གྲྭའི་ནང་དུ་མཐོ་རིམ་བོད་སྨན་ཆེད་ལས་སློབ་དེབ་རྩོམ་སྒྲིག་གི་བྱ་བ་སྒྲུབ་བཞིན་ཡོད།

པདྨ་བཟང་བོ།༡༩༩༧ལོར་སི་ཁྲོན་གསེར་རྟ་རུ་སྐྱེས།༢༠༠༣ལོར་རང་སྡེའི་ཡུལ་ཚོའི་སློབ་ཆུང་དུ་ཞུགས།༢༠༠༩ལོར་མཐར་ཕྱིན་རྗེས་གསེར་རྟ་རྫོང་སློབ་སློབ་འབྲིང་དུ་ཞུགས།༢༠༡༢ལོར་དཀར་མཛེས་ཁུལ་ཁམས་བྱང་མི་རིགས་མཐོ་རིམ་སློབ་འབྲིང་དུ་ཞུགས། ༢༠༡༥ལོར་ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་དུ་ཡིག་ཚད་ལོན་ཏེ་ད་ལྟའི་བར་དུ་སློབ་གྲྭ་དེ་གའི་བོད་ཡིག་སྡེ་ཁག་ཏུ་སློབ་གཉེར་ལ་གཞོལ་བཞིན་ཡོད། 

རྩོམ་སྒྲིག་པ།  བཀྲ་ཤིས་རྒྱ་མཚོ།

མདོ་འཛིན་པ།  བཀྲ་ཤིས་རྒྱ་མཚོ།

རྩོམ་འགན་པ། ཚེ་མགོན།

ལྟ་སྐུལ་བ། ལྷ་བརྟན།

སྤྱིའི་ལྟ་སྐུལ་བ། རྣ་བྷ།

གསན་མཁན་ལྷན་རྒྱས་ལ་བསམ་འཆར་དང་རེ་བ་ཅི་ཡོད་གཤམ་གྱི་འབྲེལ་གནས་བརྒྱུད་དེ་བརྗོད་ཆོག །
ཁ་པར། 09716329322 15202581289
སྐད་འཕྲིན། boyutb
ཡིག་ཟམ། 824136958@qq.com