སློབ་གཙོ་ཞིག་གི་མི་ཚེའི་བཞུད་ལམ་དང་སློབ་སྒྲུབ་ཐབས་ལམ།
2018.08.15 ཁུངས། ཀློག་གྲངས། 2814

ལེ་ཚན་འདིའི་སློབ་གསོ་མཁས་བརྒྱའི་དཔྱད་གླེང་གི་ཚན་པའི་ནང་དུ༼སློབ་གཙོ་ཞིག་གི་མི་ཚེའི་བཞུད་ལམ་དང་སློབ་སྒྲུབ་ཐབས་ལམ༽ཞེས་པའི་གླེང་གཞི་ཞིག་བཀོད་སྒྲིག་བྱས་ཡོད་པ་དང་། གདན་ཞུའི་སྐུ་མགྲོན་རྨ་ལྷོ་ཁུལ་གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པའི་སློབ་གཙོ་གཞོན་པ་ཆོས་འཛིན་རྡོ་རྗེ་ལགས་ཡིན།

ལེ་ཚན་འདིའི་གདན་ཞུའི་སྐུ་མགྲོན་གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པའི་སློབ་གཙོ་གཞོན་པ་ཆོས་འཛིན་རྡོ་རྗེ།

ཆོས་འཛིན་རྡོ་རྗེ།   ༡༩༧༦ ལོར་མདོ་སྨད་གཅན་ཚའི་ཡུལ་དུ་སྐྱེས།    ༡༩༩༩ལོར་མཚོ་སྔོན་དགེ་འོས་ཆེད་སྦྱོང་སློབ་གྲྭ་ནས་མཐར་ཕྱིན།   དུས་དེ་ནས་བཟུང་ད་ལྟའི་བར་དུ་བོད་ཡིག་དགེ་རྒན་གྱི་བྱ་བ་གཉེར། ༢༠༠༧ལོར་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་རབ་འབྱམས་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་ཅིང་།   ༢༠༡༠ལོར་བོད་མིའི་མིང་གི་འདོགས་ལུགས་དང་རིག་གནས་བསྟན་དོན་སྐོར་གླེང་བ་ཞེས་པའི་དཔྱད་རྩོམ་དམ་བཅའ་ཕུལ་ཏེ་སློབ་མཐར་ཕྱིན།   བྱ་བར་ཞུགས་རིང་བོད་ཡིག་དགེ་རྒན་གྱི་ཞོར་དུ་བོད་ཡིག་སློབ་དཔྱོད་ཁང་གི་ཚན་གཙོ་དང་།  སྲིད་སྟོན་ཁང་གི་འགན་འཛིན།   སློབ་མའི་ཀུན་སྤྱོད་སློབ་གསོའི་དོ་དམ་པ།  སློབ་གསོ་སློབ་ཁྲིད་ཀྱི་དོ་དམ་པ་སོགས་ཀྱི་ལས་ཀ་གཉེར་མྱོང་།  ད་ལྟ་རྨ་ལྷོ་ཁུལ་གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པའི་སློབ་གཙོ་གཞོན་པའི་འགན་བཞེས་ཡོད།

མདོ་འཛིན་པ། གནམ་སྐྱབས་རྒྱལ།

རྩོམ་སྒྲིག་པ། གནམ་སྐྱབས་རྒྱལ།

རྩོམ་འགན་པ། ཚེ་མགོན།

ལྟ་སྐུལ་བ། ལྷ་བརྟན།

སྤྱིའི་ལྟ་སྐུལ་བ། རྣ་བྷ།

རྒྱ་ཆེའི་ཉན་མཁན་རྣམ་པར་བསམ་འཆར་དང་རེ་བ་ཅི་ཡོད་ན་གཤམ་གྱི་འབྲེལ་གནས་འདི་དག་སྦྲེལ་རོགས།

ཁ་པར། 09716329322    13209737776

སྐད་འཕྲིན།  njj169682

ཡིག་ཟམ། niansai@126.com