མི་རིགས་སློབ་གསོ་ནི་བདག་གི་མི་ཚེ་འདིའི་བགོ་སྐལ་སྣུམ་པོ་ཡིན།
2018.09.05 ཁུངས། ཀློག་གྲངས། 2824

སློབ་གསོ་མཁས་བརྒྱའི་དཔྱད་གླེངཚན་པ་འདིའི་ནང་དུ༼མི་རིགས་སློབ་གསོ་ནི་བདག་གི་མི་ཚེ་འདིའི་བགོ་སྐལ་སྣུམ་པོ་ཡིན༽ཞེས་པའི་གླེང་གཞི་ཞིག་བཀོད་སྒྲིག་བྱས་ཡོད་པ་དང་། གདན་ཞུའི་སྐུ་མགྲོན་ཀན་སུའུ་ཞིང་ཆེན་ཅོ་ནེ་རྫོང་ཉིན་པ་སློབ་གྲྭའི་སློབ་གཙོ་རྟ་མགྲིན་དབང་རྒྱལ་ཡིན།

ལེ་ཚན་འདིའི་གདན་ཞུའི་སྐུ་མགྲོན་ཀན་སུའུ་ཞིང་ཆེན་ཅོ་ནེ་རྫོང་ཉིན་པ་སློབ་གྲྭའི་སློབ་གཙོ་རྟ་མགྲིན་དབང་རྒྱལ།

རྟ་མགྲིན་དབང་རྒྱལ། ཀན་སུའུ་ཞིང་ཆེན་ཅོ་ནེ་རྫོང་ཝ་དམར་ཞང་ཨ་འཁོར་ས་ཆར་སྐྱེས།  སློབ་གྲྭ་ཆུང་འབྲིང་རིམ་པར་འགྲིམས་ནས་སྤྱི་ལོ1990ལོར་གཙོས་མི་རིགས་དགེ་ཐོན་ཆེད་སྦྱོང་སློབ་གྲྭར་རྒྱུགས་འཕྲོད། ལོ་དེ་ནས་བཟུང་སྟེ་སློབ་གྲྭ་དེ་གའི་བོད་ཡིག་སྡེ་ཁག་ནས་ལོ་ངོ་སུམ་གྱི་རིང་ལ་སློབ་སྦྱོང་བྱས་མཐར1993ལོར་བདེ་བླག་ངང་སློབ་མཐར་ཕྱིན་ནས་སྔ་གཞུག་ཏུ་ཅོ་ནེ་རྫོང་ཁྱ་དགེ་ལོ་དགུའི་ལམ་ལུགས་ཀྱི་སློབ་གྲྭ་དང་རྫོང་བོད་རིགས་སློབ་འབྲིང་།  རྫོང་སློབ་གསོ་ཅུས་སོགས་སུ་ལོ་ངོ་བཅུ་ཕྲག་ལྷག་ལ་བྱ་བ་གཉེར་ཞིང་། 2017ལོའི་ཟླ་5ནས་བཟུང་སྟེ་རྫོང་རྩ་འཛུགས་པུའུ་ཡི་བཀོད་སྒྲིག་ལྟར་ཅོ་ནེ་རྫོང་ཉིན་པ་སློབ་གྲྭའི་སློབ་གཙོའི་འགན་ཁུར།  མདོར་ན་ད་བར་དུ་སློབ་གསོའི་བྱ་བ་གཉེར་ནས་མི་ལོ་བཅུ་དགུ་ཙམ་སོང་ཡོད་།  སློབ་གཙོ་རྟ་མགྲིན་དབང་རྒྱལ་གྱིས་བཤད་རྒྱུར། འདས་ཟིན་པའི་མི་ལོ་བཅུ་དགུར་ཕྱིར་མིག་རེ་བལྟས་ཚེ།  རང་ཉིད་ལ་ཐོབ་པ་ལས་ཤོར་བ་མང་བའི་སྣང་བ་ཞིག་སྐྱེས་ཡོང་མོད།  གང་ལྟར་མི་ཚེ་རིག་གནས་དང་སློབ་གསོར་བསྟིམ་རྒྱུ་བྱུང་ན་དེ་ལས་ལྷག་པའི་བདེ་སྐྱིད་དང་དགའ་སྤྲོ་ཞིག་མེད་ཟེར།

མདོ་འཛིན་པ། གནམ་སྐྱབས་རྒྱལ།

རྩོམ་སྒྲིག་པ། གནམ་སྐྱབས་རྒྱལ།

རྩོམ་འགན་པ། ཚེ་མགོན།

ལྟ་སྐུལ་བ། ལྷ་བརྟན།

སྤྱིའི་ལྟ་སྐུལ་བ། རྣ་བྷ།

རྒྱ་ཆེའི་ཉན་མཁན་རྣམ་པར་བསམ་འཆར་དང་རེ་བ་ཅི་ཡོད་ན་གཤམ་གྱི་འབྲེལ་གནས་འདི་དག་སྦྲེལ་རོགས།


ཁ་པར། 09716329322    13209737776


སྐད་འཕྲིན།  njj169682


ཡིག་ཟམ། niansai@126.com