སློབ་རའི་འགྱུར་ཁུགས། བོད་ཀྱི་བྱིས་པའི་ཞབས་བྲོའི་སྒྲ་བརྙན་སློབ་དེབ།
2018.10.18 ཁུངས། ཀློག་གྲངས། 2400

  【ང་ཡི་ལང་ཚོའི་རྨི་ལམ།】དུ《བོད་ཀྱི་བྱིས་པའི་ཞབས་བྲོའི་སྒྲ་བརྙན་སློབ་དེབ》ཅེས་པའི་བརྗོད་གཞི་ཞིག་བཀོད་སྒྲིག་བྱས་ཡོད། གདན་ཞུའི་སྐུ་མགྲོན་ནི་བོད་ཀྱི་བྱིས་པའི་ཞབས་བྲོའི་སྒྲ་བརྙན་སློབ་དེབ་ཀྱི་སྤྱིའི་འགན་འཛིན་པ་དང་རྩོམ་སྒྲིག་པ་སྲས་མཆོག་ཚེ་རིང་ཡིན།

  【ངག་འཕྲིན་གཞོན་ནུའི་སེམས་སྒྲ།】ཚན་པ་འདིའི་ནང་དུ《ལམ་ལ་འཇུག་པའི་མི་ཚེ》ཞེས་པའི་བརྗོད་གཞི་ཞིག་བཀོད་སྒྲིག་བྱས་ཡོད། གདན་ཞུའི་སྐུ་མགྲོན་ནི་མགོ་ལོག་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གི་དགེ་རྒན་རྡོ་རྗེ་བློ་གྲོས་ཡིན།

བོད་ཀྱི་བྱིས་པའི་ཞབས་བྲོའི་སྒྲ་བརྙན་སློབ་དེབ》ཅེས་པའི་ཕྱི་ངོས།

བོད་ཀྱི་བྱིས་པའི་ཞབས་བྲོའི་སྒྲ་བརྙན་སློབ་དེབ》ཅེས་པའི་ནང་ངོས།

སྲས་མཆོག་ཚེ་རིང་།མཚོ་སྔོན་འབའ་རྫོང་།བོད་ཀྱི་བྱིས་བྲོའི་སྒྲ་བརྙན་སློབ་དེབ་ཀྱི་སྤྱིའི་འགན་འཛིན་པ་དང་རྩོམ་སྒྲིག་པ།༢༠༡༥-༢༠༡༧ལོའི་བར་པེ་ཅིན་པདྨ་ཞབས་བྲོའི་ཚོགས་པ་རུ་བྱ་བ་གཉེར།  ༢༠༡༥-༢༠༡༧ལོའི་བར་པེ་ཅིན་ཤམ་བྷ་ལ་སྒྱུ་རྩལ་ལས་ཤག་ཏུ་ལས་གཞི་འཆར་འགོད་དང་དོ་དམ། འཁྲབ་སྟོན་ལས་གཞི་སྒྲིག་བཟོ། འཁྲབ་སྟོན་གོ་རིམ་མཐུན་སྦྱོར།  སྒྱུ་རྩལ་ལས་ཤག་དོ་དམ་སོགས་ཀྱི་འགན་ཁུར། ༢༠༡༥ལོར་རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩའི་ལས་གཞིའི་བརྩམས་ཆོས་ཏེ༼རླུང་གཞོང༽དུ་ཞུགས་ཤིང་སྐོར་སྐྱོད་འཁྲབ་སྟོན་གྱི་དོ་དམ་པའི་འགན་བཞེས་ཤིང་ཁྱོན་བསྡོམས་རྒྱལ་ཡོངས་སྐོར་སྐྱོད་འཁྲབ་སྟོན་ཐེངས་ཉེར་ལྔ་བྱས།༢༠༡༦ལོར་རྒྱལ་ཁབ་ཟློས་གར་ཁང་གི་དུས་ཆད་བརྩམས་ཆོས་ཤམ་བྷ་ལརྒྱལ་ཡོངས་སྐོར་སྐྱོད་འཁྲབ་སྟོན་ལས་གཞིའི་དོ་དམ་པ་དང་གཙོ་འཁྲབ་ཀྱི་འགན་ཁུར།  གཞན་ལོ་དེར་འཁྲབ་རའི་ཞབས་བྲོཤམ་བྷ་ལཞེས་པའི་གཙོ་འཁྲབ་པའི་འགན་ཁུར་ནས་ཧྥ་རན་སིའི་ཨ་ཝེ་ནཱེ་བུན་འཛམ་གླིང་ཟློས་གར་དུས་ཆེན་དུ་ཞུགས།  ༢༠༡༧ལོར་སྒྲིག་ཁྲིད་བྱས་པའི་ཞབས་བྲོཨ་མདོའི་བུ་མོལ་རྒྱལ་ཡོངས་སློབ་ཆེན་སོ་སོའི་ཞབས་བྲོ་འགྲན་སྡུར་ལས་གསར་རྩོམ་གྱི་བྱ་དགའ་ཨང་དང་པོ་ཐོབ། ལོ་དེར་ཞབས་བྲོའི་གློག་བརྙནསོངཞེས་པའི་གཙོ་འཁྲབ་བྱས་ནས་ཨ་རིའི་ཧོ་ལེ་བོའུ་གློག་བརྙན་དུས་ཆེན་དུ་ཚུད། ༢༠༡༦ལོར་གསར་རྩོམ་བྱས་པའི་ཞབས་བྲོ ༼གྱང་རྡུང་བའི་བྲོ༽ཞེས་པCCTV15གི་རྒྱལ་སྟོན་རོལ་མོའི་འདུ་ཚོགས་སུ་ཞུགས། ལོ་དེར་གསར་རྩོམ་བྱས་པའི་ཞབས་བྲོ༼བཀྲ་ཤིས་བདེ་ལེགས༽ཞེས་པCCTV3ཡི་ལེ་ཚན་དུ་ཞུགས། ༢༠༡༨ལོར་གསར་རྩོམ་བྱས་པའི་ཞབས་བྲོཕ་སར་མཆོད་བསྟོདཅེས་པ་རྒྱལ་ཡོངས“ན་ཆུང་པད་མའི་མེ་ཏོག་ཅེས་པའི་ཞབས་བྲོའི་འགྲན་སྡུར”ལས་བྱ་དགའ་ཨང་གཉིས་པ་ཐོབ། ༢༠༡༤ལོ་ནས་ད་ལྟའི་བརབོད་ཀྱི་བྱིས་པའི་ཞབས་བྲོའི་སྒྲ་བརྙན་སློབ་དེབཀྱི་སྤྱིའི་འགན་འཛིན་པ་དང་རྩོམ་སྒྲིག་པའི་འགན་ཁུར།

རྡོ་རྗེ་བློ་གྲོས་ནི1990ལོའི་ཟླ7པའི་ཚེས་10ཉིན་མཚོ་སྔོན་མགོ་ལོག་རྨ་སྟོད་རྫོང་དུ་སྐྱེས་ཤིང་། 1998ལོར་རང་ཡུལ་གྱི་སློབ་ཆུང་འགྲིམ་སྟེ་བཟང་གསུམ་སློབ་མའི་བྱ་དགའ་བསྟུད་མར་བླངས། ཁོའི་ཆུང་དུས་ཀྱི་འཛིན་བདག་དགེ་རྒན་ཚེ་རིང་སྒྲོལ་མ་སོགས་ཀྱིས་འཛིན་གྲྭའི་ནང་ཁུལ་ནས་བསྟོད་བསྔགས་ཀྱི་མེ་ཏོག་ནམ་རྒྱུན་འཐོར་ཞིང་། དཀའ་སྤྱད་འབད་བརྩོན་གྱི་སྡུག་རུས་ལ་བརྟེན་ཏེ་འཚོ་བའི་བརྡབ་གསིག་གི་ཁྲོད་ནས་སློབ་སྦྱོང་ལ་ཧུར་ཐག་གིས་གཞོལ་བས་ད་ལྟ་གྲུབ་འབྲས་ཀྱི་རྒྱལ་ཁ་ཐོབ་ཡོད། མ་ཟད2017ལོའི་ཟླ7པའི་ཚེས10ཉིན་ནུབ་བྱང་མི་རིགས་སློབ་ཆེན་དུ་དངོས་གཞིའི་སློབ་མཐར་ཕྱིན་ཅིང་། ལོ་དེར་སྦྱངས་བ་ལྷོད་མེད་བགྱིས་ནས་བོད་ལྗོངས་སློབ་གྲྭ་ཆེན་མོའི་རམས་འབྱམས་ཞིབ་འཇུག་སློབ་མར་རྒྱུགས་སྤྲད། ད་ལྟ་མགོ་ལོག་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གི་མཐོ་གཉིས་བོད་ཡིག་དགེ་རྒན་གྱི་བྱ་བ་གཉེར་བཞིན་མཆིས། 

རྩོམ་སྒྲིག་པ།  བཀྲ་ཤིས་རྒྱ་མཚོ།

མདོ་འཛིན་པ།  བཀྲ་ཤིས་རྒྱ་མཚོ།

རྩོམ་འགན་པ། ཚེ་མགོན།

ལྟ་སྐུལ་བ། ལྷ་བརྟན།

སྤྱིའི་ལྟ་སྐུལ་བ། རྣ་བྷ།

གསན་མཁན་ལྷན་རྒྱས་ལ་བསམ་འཆར་དང་རེ་བ་ཅི་ཡོད་གཤམ་གྱི་འབྲེལ་གནས་བརྒྱུད་དེ་བརྗོད་ཆོག །
ཁ་པར། 09716329322 15202581289
སྐད་འཕྲིན། boyutb
ཡིག་ཟམ། 824136958@qq.com