ཀུན་ལ་མཁོ་བའི་དགེ་རྒན་བཟང་པོ་ཞིག་ཅི་ལྟར་བཅའ་དགོས།
2018.10.19 ཁུངས། ཀློག་གྲངས། 3434

སློབ་གསོ་མཁས་བརྒྱའི་དཔྱད་གླེང】ལེ་ཚན་འདིའི་སློབ་གསོ་མཁས་བརྒྱའི་དཔྱད་གླེང་གི་ཚན་པའི་ནང་དུ༼ཀུན་ལ་མཁོ་བའི་དགེ་རྒན་བཟང་པོ་ཞིག་ཅི་ལྟར་བཅའ་དགོས༽ཞེས་པའི་གླེང་གཞི་ཞིག་བཀོད་སྒྲིག་བྱས་ཡོད་པ་དང་། གདན་ཞུའི་སྐུ་མགྲོན་རྨ་ལྷོ་ཁུལ་ཐུན་རིན་རྫོང་སློབ་དཔྱོད་ཁང་གི་ཀྲུའུ་རིན་ནག་ཀྱྰ་བ་ཤ་བོ་ཚེ་རིང་ཡིན།

ལེ་ཚན་འདིའི་གདན་ཞུའི་སྐུ་མགྲོན་རྨ་ལྷོ་ཁུལ་ཐུན་རིན་རྫོང་སློབ་དཔྱོད་ཁང་གི་ཀྲུའུ་རིན་ནག་ཀྱྰ་བ་ཤ་བོ་ཚེ་རིང་།

ནག་ཀྱྰ་བ་ཤ་བོ་ཚེ་རིང་།  ༡༩༧༣ལོའི་ཟླ༡༢བའི་ཚེས༡ཉིན་མདོ་སྨད་རེབ་གོང་སྨད་པ་ནག་ཀྱཱ་སྡེ་བར་སྐྱེས་ཤིང་།  ༡༩༩༠ལོའི་ཟླ༩བར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་གྲངས་ཉུང་མི་རིགས་སྡེ་ཁག་ནས་སློབ་མཐར་ཕྱིན་པ་དང་།   ༡༩༩༥ལོའི་ཟླ༩བར་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ཞིབ་འཇུག་སློབ་མའི་སློབ་གླིང་གི་གེ་སར་སྒྲུང་དང་བོད་ཀྱི་རྩོམ་རིག་ཞིབ་འཇུག་སློབ་མའི་འཛིན་གྲྭར་ཞུགས།

༢༠༡༠ལོར་པེ་ཅིན་སློབ་གསོ་སློབ་གླིང་དུ་བསྐྱོད་ནས་མཐོ་འབྲིང་དབྱིན་ཡིག་གི་བསླབ་གཞི་གསར་བའི་སྐོར་ལ་སློབ་སྦྱོང་མཛད་ཅིང་པེ་ཅིན་ནས་རྒྱལ་སའི་དགེ་ཐོན་སློབ་ཆེན་གྱི་ཁོངས་གཏོགས་སློབ་འབྲིང་སོགས་སློབ་འབྲིང་བཞི་ལྷག་ཏུ་བསྐྱོད་ནས་སློབ་ཁང་སློབ་ཁྲིད་ལ་ཉམས་ཞིབ་མཛད།

༢༠༡༢ལོའི་ཟླ༢བར་ཕྱི་རྒྱལ་དུ་སློབ་འགྲིམས་སུ་ཕྱིན། དབྱིན་ཇིའི་རཱེན་ཇེན་སློབ་གྲྭ་ཆེན་མོ་ནས་དབྱིན་ཇིའི་སློབ་གསོ་གཙོ་བྱས་ཏེ་དེ་གའི་སློབ་གྲྭར་བསྐྱོད་དེ་ཡུལ་དངོས་ནས་སློབ་གསོ་དོ་དམ་དང་སློབ་གསོའི་སྒྲིག་གཞི། སློབ་ཁང་སློབ་ཁྲིད། དགེ་སློབ་བར་གྱི་བྱ་འགུལ།  སློབ་མའི་སེམས་ཁམས་དང་འཚོ་བ་སོགས་ལ་རྟོག་དཔྱོད་གནངས།

ད་ལྟའི་བར་དུ་བོད་ཀྱི་གཞི་རིམ་ནས་སློབ་གསོའི་བྱ་བ་མི་ལོ༢༣ལ་གཉེར། སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་བཞི་བརྒྱ་ལྷག་གི་སློབ་ཁྲིད་ལ་དངོས་སུ་ཉན་པ་དང་དགེ་རྒན་གྱི་སློབ་ཁྲིད་གྲ་སྒྲིག སློབ་མའི་ལས་བྱ།  སློབ་གསོའི་བྱ་འགུལ་སོགས་ལ་འཚོལ་ཞིབ་དང་བོད་ཁུལ་གྱི་སློབ་གྲྭ་མང་བོར་གདན་ཞུ་མཛད་དེ་འཆད་ཁྲིད་བྱས།

མིག་སྔར་ཁོང་གིས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་དུས་དེབ《ཀྲུང་གོ་བོད་ཀྱི་ཤེས་རིག》དང《བོད་ལྗོངས་ཞིབ་འཇུག》《བོད་ཀྱི་སློབ་གསོ》སོགས་སུ་དཔྱད་རྩོམ་ལྔ་ཅུ་ཙམ་སྤེལ། ༢༠༡༡ལོར་《གེ་སར་སྒྲུང་དང་གནའ་བོའི་བོད་ཀྱི་དམངས་སྲོལ་》ཞེས་པ་ཀྲུང་དབྱང་མི་རིགས་དཔེ་བསྐྲུན་ཁང་གིས་པར་དུ་བསྐྲུན། ༢༠༡༢ལོར་ཆེད་རྩོམ་འདི་ཉིད་ལ་ཞིང་ཆེན་ཡོངས་ཀྱི་སྐབས་དང་བོའི་གེ་སར་ཞིབ་འཇུག་བརྩམས་ཆོས་ཀྱི་གྲུབ་འབྲས་བྱ་དགའ་ཨང་གཉིས་པ་བསྩལ། ༢༠༡༦ལོར་ཡིག་འབྲུ་ཁྲི༤༥བརྒལ་བའི་སློབ་གསོའི་བརྩམས་ཆོས་《བོད་ཀྱི་སློབ་གསོའི་གནས་བབ་ཞིབ་འཇུག》ཅེས་པ་ཀྲུང་དབྱང་མི་རིགས་དཔེ་བསྐྲུན་ཁང་གིས་དངོས་སུ་པར་བསྐྲུན་བྱས།

མདོ་འཛིན་པ། གནམ་སྐྱབས་རྒྱལ།

རྩོམ་སྒྲིག་པ། གནམ་སྐྱབས་རྒྱལ།

རྩོམ་འགན་པ། ཚེ་མགོན།

ལྟ་སྐུལ་བ། ལྷ་བརྟན།

སྤྱིའི་ལྟ་སྐུལ་བ། རྣ་བྷ།

རྒྱ་ཆེའི་ཉན་མཁན་རྣམ་པར་བསམ་འཆར་དང་རེ་བ་ཅི་ཡོད་ན་གཤམ་གྱི་འབྲེལ་གནས་འདི་དག་སྦྲེལ་རོགས།

ཁ་པར། 09716329322    13209737776

སྐད་འཕྲིན།  njj169682

ཡིག་ཟམ། niansai@126.com