སློབ་རའི་འགྱུར་ཁུགས།
2018.10.31 ཁུངས། ཀློག་གྲངས། 985

 ༼སློབ་གསོ་མཁས་བརྒྱའི་དཔྱད་གླེང༽གི་ནང་དུ་ལྷོ་ནུབ་མི་རིགས་སློབ་ཆེན་དུ་སློབ་གཉེར་གནང་བཞིན་པའི་སློབ་གྲོགས་རྣམ་རྒྱལ་སྒྲོལ་མ་གདན་ཞུ་བྱས་ཏེ་ཁ་བརྡ་བྱས་ཡོད།

རྣམ་རྒྱལ་སྒྲོལ་མ།   མདོ་སྨད་གཅན་ཚར་སྐྱེས།  2016 ལོར་གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པ་ནས་སློབ་འབྲིང་མཐར་ཕྱིན་ཅིང་།   ད་ལྟ་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གི་བོད་དབྱིན་སྐད་གཉིས་འཛིན་གྲྭར་སློབ་གཉེར་བྱེད་བཞིན་ཡོད།

རང་གི་ཆེད་ལས་དང་དགའ་ཕྱོགས་ལྟར་དུ་དབྱིན་ཡིག་ལ་སློབ་སྦྱོང་བྱས་པ་བརྒྱུད་དབྱིན་ཡིག་གི་ཚད་རིམ་དང་བཞི་བ་དང་དྲུག་པའི་ལགས་རྟགས་བླངས་ཡོད་ཅིང་ད་ལྟ་བོད་དབྱིན་ལོ་ཙཱའི་ཐད་ལ་སློབ་སྦྱོང་བྱེད་བཞིན་ཡོད།ལག་རྩེད་སྤོ་ལོ་རྩེ་རྒྱུ་ཡང་སློབ་ཆེན་གྱི་འཚོ་བའི་ཆ་ཤས་ཤིག་ཡིན།

སློབ་ཆེན་དུ་ཐོན་པ་ནས་རང་གི་དགའ་ཕྱོགས་ལྟར་ཕ་སྐད་ལམ་ནས་ལྷུག་རྩོམ་མང་པོ་བྲིས་ཤིང་།  སྔ་རྗེས་སུ《རང་གྲོལ》དུས་དེབ་དང《རྨ་ལྷོ་ཚགས་པར》《རྔ་བའི་ཚགས་པར》 《གཞིས་རྩེ་ཚགས་པར》 སོགས་ཞིང་ཆེན་ཕྱི་ནང་གི་ཚགས་དེབ་རྣམས་སུ་ལྷུག་རྩོམ་བརྩམས་ཆོས་རེ་འགའ་སྤེལ་མྱོང་།  ད་ལྟ་ལྷོ་ནུབ་མི་རིགས་སློབ་ཆེན《སྒྲོན་སྟེགས》དུས་དེབ་ཀྱི་རྩོམ་སྒྲིག་པ་དང་རྨ་ལྷོ་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་ཡིན།ལོ་རྗེས་མར་སྒྲོན་སྟེགས་ཚང་གི་གྲོགས་པོ་གཉིས་དང་ལྷན་དུ་དེབ་ཆུང་ཞིག་པར་དུ་བསྐྲུན་རྩིས་ཡོད།འགྱུར་མ་མྱོང་བའི་ཕུགས་བསམ་ཞིག་ཡོད་པ་ནི་དགེ་རྒན་ཞིག་གམ་རྩོམ་སྒྲིག་པ་ཞིག་བྱ་རྒྱུ་དེ་ཡིན།ལོ་ཟླའི་གཙང་བོས་ངའི་དཔེ་དེབ་དང་སྨྱུ་གུ་མ་དེད་ན་ཆོག་སྙམ།

རྩོམ་སྒྲིག་པ་དང་མདོ་འཛིན་པ ། འཆི་མེད་སྒྲོལ་མ།
རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།

ཁྲིད་གཏོང་བ།  རྡོ་རྗེ་འཚོ།

ལྟ་སྐུལ་བ། ལྷ་བརྟན།

སྤྱིའི་ལྟ་སྐུལ་པ། རྣ་བྷ།
རྒྱ་ཆེའི་ཉན་མཁན་ཚོས་ང་ཚོ་སློབ་རའི་འགྱུར་ཁུགས་ལེ་ཚན་དུ་གསར་འགྱུར་སྐུར་ནQQ 1834307929ནང་དུ་སྐུར་རྒྱུ་དང་རེ་བ་དང་བསམ་འཆར་ཅི་ཡོད་ལེ་ཚན་འདིའི་མཇུག་གི་དཔྱད་གཏམ་སྤེལ་སར་འགོད་པར་དགའ་བསུ་ཞུ།
གཞུང་ལས་ཁང་། 0971 6329322
སྦྲག་སྲིད་ཨང་གྲངས། 810008 青海省西宁市西关大街81号青海人民广播电台藏语频率<<青春风景线>>栏目