སློབ་རའི་འགྱུར་ཁུགས།
2018.11.05 ཁུངས། ཀློག་གྲངས། 1166

 ༼ང་ཡི་ལང་ཚོའི་རྨི་ལམ༽གྱི་ནང་དུ་ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་གྱི་སློབ་གྲོགས་ཐུབ་བསྟན་ཤེས་རབ་གྱིས་རང་གིས་དགའ་ཕྱོགས་དང་ཕུགས་བསམ་གླེང་ཡོད།

  ༼ངག་འཕྲིན་གཞོན་ནུའི་སེམས་སྒྲ༽ཡི་ནང་དུ་བྱིས་པར་ངེས་པར་སྒྲུབ་ཏུ་འཇུག་དགོས་པའི་རྒྱུན་ཤེས་འགའ་བཤད་ཡོད།

ཐུབ་བསྟན་ཤེས་རབ། ཕ་ཡུལ་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་གཅིག་སྒྲིལ་རྫོང་ཡིན་ལ། 2018ལོར་མགོ་ལོག་ཁུལ་མི་རིགས་སློབ་འབྲིང་ནས་སློབ་མཐར་ཕྱིན་ཏེ་ད་ལྟ་ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི་སྐད་གཉིས་རྩིས་ཚན་སྡེ་ཁག་ཏུ་དངོས་ལུགས་ཆེད་སྦྱོང་བྱེད་བཞིན་ཡོད། ཆུང་དུས་ནས་སྙན་ངག་ལ་དུངས་པས་སྙན་ངག་འབྲི་བའི་ལམ་ཁ་ལ་ཞུགས།

བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་རྔམ་ཁ་མཐུག་སའི་དགོན་སྡེའི་ཉེ་འགྲམ་དུ་མཚར་ལོངས་བྱུང་བའི་ཐུབ་བསྟན་ཤེས་རབ་ནང་བསྟན་ཆོས་ལུགས་ལ་ལྷག་པར་དགའ་བ་སྐྱེས། ལོ་འགའི་སྔོན་ལ་སྒྲུང་གཏམ་ཕྱོགས་ལའང་མོས་པ་ཆེར་སྐྱེས་ཤིང་། གཅིག་སྒྲིལ་རྫོང་མི་རིགས་སློབ་འབྲིང་གི་དུས་དེབ་ཏུ《གཅེས་སུ་འོས་པའི་བུད་མེད་ཅིག》ཅེས་པའི་སྒྲུང་ཐུང་ཐོག་མར་སྤེལ་ལ། དེ་རྗེས《རིགས་མཛོད》 དང《དུངས་ཞེན》ལ་སོགས་པའི་དུས་དེབ་རེ་འགའི་སྟེང་དུའང་སྙན་ངག་གི་རྐང་རྗེས་རེ་འགའ་ཕབས། དཔེ་ཆ་དང་སྨྱུ་གུ་ནི་ཁོ་བོ་ལ་མཚོན་ན་མེད་དུ་མི་རུང་བའི་འཚོ་བའི་ཡ་གྱལ་ཞིག་ཏུ་སྒོམ་བཞིན་ཡོད་ལ། དཔེ་ཀློག་དང་བསམ་གཞིག་གིས་ད་གཟོད་ཁོ་བོ་ལ་འུར་ཟིང་གི་གྲོང་ཆེན་པོ་འདི་ནས་རྣམ་ཤེས་ཀྱི་ལྷིང་འཇགས་རོལ་ཐུབ་པའི་ཚོར་བ་སྦྱིན།

རྩོམ་སྒྲིག་པ་དང་མདོ་འཛིན་པ ། འཆི་མེད་སྒྲོལ་མ།
རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།

ཁྲིད་གཏོང་བ།  བསམ་གྲུབ་འཚོ།

ལྟ་སྐུལ་བ། ལྷ་བརྟན།

སྤྱིའི་ལྟ་སྐུལ་པ། རྣ་བྷ།
རྒྱ་ཆེའི་ཉན་མཁན་ཚོས་ང་ཚོ་སློབ་རའི་འགྱུར་ཁུགས་ལེ་ཚན་དུ་གསར་འགྱུར་སྐུར་ནQQ 1834307929ནང་དུ་སྐུར་རྒྱུ་དང་རེ་བ་དང་བསམ་འཆར་ཅི་ཡོད་ལེ་ཚན་འདིའི་མཇུག་གི་དཔྱད་གཏམ་སྤེལ་སར་འགོད་པར་དགའ་བསུ་ཞུ།
གཞུང་ལས་ཁང་། 0971 6329322
སྦྲག་སྲིད་ཨང་གྲངས། 810008 青海省西宁市西关大街81号青海人民广播电台藏语频率<<青春风景线>>栏目