【སློབ་གསོ་མཁས་བརྒྱའི་དཔྱད་གླེང】ལེ་ཚན་འདིའི་སློབ་གསོ་མཁས་བརྒྱའི་དཔྱད་གླེང་གི་ཚན་པའི་ནང་དུ ༼ ཆེད་ལས་དང་འབྲེལ་བའི་ལས་སྒོ་གསར་སྤེལ་༽ཞེས་པའི་གླེང་གཞི་ཞིག་བཀོད་སྒྲིག་བྱས་ཡོད་པ་དང་། གདན་ཞུའི་སྐུ་མགྲོན་མཚོ་སྔོན་ཁྲི་ལོ་བ་རྒྱལ་སྤྱིའི་ཡུལ་སྐོར་ལྟེ་གནས་ཀྱི་སྤྱི་གཉེར་བ་པདྨ་སྐལ་བཟང་དང་སྤྱི་གཉེར་བ་གཞོན་པ་བཀའ་འགྱུར་རྡོ་རྗེ་གཉིས་ཡིན།
【ང་ཡི་ལང་ཚོའི་རྨི་ལམ】ཚན་པ་འདིའི་ནང་དུ་ཉན་མཁན་གང་རུང་གིས་ཁ་པར་གྱི་སྐུད་ལམ་བརྒྱུད་ནས་ལེ་ཚན་དུ་ཞུགས་ཏེ་རང་རང་གི་ཆུང་དུས་ཀྱི་རྨི་ལམ་དང་ཕུགས་བསམ་གླེང་ཆོག
ལེ་ཚན་འདིའི་གདན་ཞུའི་སྐུ་མགྲོན་མཚོ་སྔོན་ཁྲི་ལོ་བ་རྒྱལ་སྤྱིའི་ཡུལ་སྐོར་ལྟེ་གནས་ཀྱི་སྤྱི་གཉེར་བ་པདྨ་སྐལ་བཟང་།
ལེ་ཚན་འདིའི་གདན་ཞུའི་སྐུ་མགྲོན་མཚོ་སྔོན་ཁྲི་ལོ་བ་རྒྱལ་སྤྱིའི་ཡུལ་སྐོར་ལྟེ་གནས་ཀྱི་སྤྱི་གཉེར་བ་བཀའ་འགྱུར་རྡོ་རྗེ།
ལེ་ཚན་ཐད་གཏོང་ཁང་དུ་ཁ་བརྡ་བྱེད་བཞིན་པ།