【སློབ་གསོ་མཁས་བརྒྱའི་དཔྱད་གླེང་།】ཚན་པ་འདིའི་ནང་དུ《དུང་ལོ་ལྗོན་པའི་མདོ》ཞེས་པའི་བྲིས་དཔེ་དང་སྦྲགས་འོལ་མོ་ལུང་རིང་གི་ངོས་འཛིན་གྱི་འཕེལ་རིམ་སྐོར་གླེང་བ་ཞེས་པའི་བརྗོད་གཞི་ཞིག་བཀོད་སྒྲིག་བྱས་ཡོད། གདན་ཞུའི་སྐུ་མགྲོན་ནི་མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་བོད་ཀྱི་སྐད་ཡིག་དང་རྩོམ་རིག་སྡེ་ཁག་གི་ཞིབ་འཇུག་སློབ་མ་དབང་ཆེན་རྒྱལ་ཡིན།
【ངག་འཕྲིན་གཞོན་ནུའི་སེམས་སྒྲ།】ཚན་པ་འདིའི་ནང་དུ《བྱིས་སྒྲུང་བོད་འགྱུར་བྱ་བའི་མྱོང་བ་བརྗོད་པ》ཞེས་པའི་བརྗོད་གཞི་ཞིག་བཀོད་སྒྲིག་བྱས་ཡོད། གདན་ཞུའི་སྐུ་མགྲོན་ནི་རེབ་གོང་སྐལ་བཟང་མེ་ཏོག་བྱིས་སྐྱོང་གླིང་གི་དགེ་རྒན་བེའུ་བརྒྱ་བཙུན་པ་རྒྱ་མཚོ་ཡིན།
མིང་།དབང་ཆེན་རྒྱལ། ཕ་ཡུལ། རེབ་གོང་སྙན་བཟང་ནོའུ་རོང་སྡེ་བ། སྤྱི་ལོ་2014ལོའི་ཟླ་བདུན་པར་མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་བོད་ཀྱི་སྐད་ཡིག་དང་རྩོམ་རིག་སྡེ་ཁག་ནས་མཐར་ཕྱིན་ཞིང་། ལོ་དེའི་ཟླ་དགུ་བ་ནས་འབྲིང་རིམ་དགེ་རྒན་གྱི་ལས་གནས་ལ་ཞུགས་ཏེ་ལོ་གསུམ་རིང་སློབ་ཁྲིད་བྱས། 2017ལོའི་ཟླ་དགུ་བ་ནས་མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་བོད་ཀྱི་སྐད་ཡིག་དང་རྩོམ་རིག་སྡེ་ཁག་ཏུ་ཞིབ་འཇུག་སློབ་མའི་བསླབ་གནས་ལ་འབད་བཞིན་ཡོད།
དངོས་མིང་ལ་བེའུ་བརྒྱ་བཙུན་པ་རྒྱ་མཚོ་དང་པིར་མིང་ལ་བེར་ནག་འབོད། སྤྱི་ལོ༡༩༩༢ལོར་མདོ་སྨད་རྐང་ཚའི་གསེར་བཟང་སྡེ་བར་སྐྱེས། ༢༠༡༥ལོར་མཚོ་སྔོན་མི་རིགས་དགེ་ཐོན་སློབ་ཆེན་དུ་ཆེད་སྦྱོང་སློབ་མཐར་ཕྱིན། སྔ་ཕྱིར་རེབ་གོང་བྱམས་སྐྱོང་བུ་གསོ་ཁང་དང་། སྒོ་དམར་བྱིས་སྐྱོང་ཁང་། རྐང་ཚ་རྫོང་བློ་བཟང་ཚན་རྩལ་སོགས་སུ་ལས་ཀ་བསྒྲུབས་ཤིང་། ད་ལྟ་རེབ་གོང་སྐལ་བཟང་མེ་ཏོག་བྱིས་སྐྱོང་གླིང་དུ་དགེ་རྒན་གྱི་བྱ་བ་སྒྲུབ་ཞོར་བྱིས་པའི་ཀློག་དེབ་ལོ་ཙཱ་དང་རྩོམ་འབྲིའི་ལས་ལ་འཇུག་བཞིན་ཡོད། ད་སྔ་ཡིག་སྒྱུར་བྱས་ཟིན་པའི་བྱིས་པའི་ཀློག་དེབ་བརྒྱད་ཡོད་ཅིང་། སློབ་ཁྲིད་ཀྱི་ཞོར་དུ་བྱིས་སྒྲུང་དེབ༼ བུ་མོ་ཆུང་ཆུང་ཤེས་རབ་གཡང་འཛོམས་ཀྱི་གསང་བ༽ ཞེས་པ་རྩོམ་འབྲི་བྱེད་སྒང་ཡིན།
མིག་སྔར་བོད་འགྱུར་བྱས་ཟིན་པའི་རིས་དེབ་དག་གི་པར་ངོས།
རྩོམ་སྒྲིག་པ། བཀྲ་ཤིས་རྒྱ་མཚོ།
མདོ་འཛིན་པ། བཀྲ་ཤིས་རྒྱ་མཚོ།
རྩོམ་འགན་པ། ཚེ་མགོན།
ལྟ་སྐུལ་བ། ལྷ་བརྟན།
སྤྱིའི་ལྟ་སྐུལ་བ། རྣ་བྷ།
གསན་མཁན་ལྷན་རྒྱས་ལ་བསམ་འཆར་དང་རེ་བ་ཅི་ཡོད་གཤམ་གྱི་འབྲེལ་གནས་བརྒྱུད་དེ་བརྗོད་ཆོག །
ཁ་པར། 09716329322 15202581289
སྐད་འཕྲིན། boyutb
ཡིག་ཟམ། 824136958@qq.com