དགུན་གནང་འཚོ་བའི་གྲ་སྒྲིག་དང་སྟ་གོན།
2018.12.28 ཁུངས། ཀློག་གྲངས། 1906

སློབ་རའི་གསར་འགྱུར་སྐུད་ལམ།】ཚན་པ་འདིའི་ནང་དུ་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་རའི་གསར་འགོད་པ་འགྱུར་མེད་རྒྱ་མཚོ་དང་ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་གྲོགས་བུན་ཁྲང་རྡོ་རྗེ། མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་རའི་གསར་འགོད་པ་པདྤ་སྐྱིད། གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་སློབ་རའི་གསར་འགོད་པ་ཕྱུག་མོ། མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སློབ་རའི་གསར་འགོད་པ་གཡང་ཕྱུག་རྡོ་རྗེ་སོགས་ཀྱིས་ཁ་པར་གྱི་སྐུད་ལམ་བརྒྱུད་ནས་གཟའ་འཁོར་གཅིག་གི་སློབ་རའི་གསར་འགྱུར་སྤེལ་ཡོད།

སློབ་གསོ་མཁས་བརྒྱའི་དཔྱད་གླེང་།】ཚན་པ་འདིའི་ནང་དུ༼དགུན་གནང་འཚོ་བའི་གྲ་སྒྲིག་དང་ལྟ་གོན༽ཞེས་པའི་གླེང་གཞི་ཞིག་བཀོད་སྒྲིག་བྱས་ཡོད་པ་དང་། གདན་ཞུའི་སྐུ་མགྲོན་རྨ་ལྷོ་ཁུལ་ཧི་ནན་རྫོང་ཉིན་མཐའ་གྲོང་བརྡལ་སློབ་ཆུང་དང་པོའི་དགེ་རྒན་ཚེ་རིང་དབང་རྒྱལ་དང་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་སློབ་གྲོགས་འཕགས་མོ་ཆོས་མཚོ་གཉིས་ཡིན།

ལེ་ཚན་འདིའི་གདན་ཞུའི་སྐུ་མགྲོན་རྨ་ལྷོ་ཁུལ་ཧི་ནན་རྫོང་ཉིན་མཐའ་གྲོང་བརྡལ་སློབ་ཆུང་དང་པོའི་དགེ་རྒན་ཚེ་རིང་དབང་རྒྱལ།

ལེ་ཚན་འདིའི་གདན་ཞུའི་སྐུ་མགྲོན་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་སློབ་གྲོགས་འཕགས་མོ་ཆོས་མཚོ།

མཚོ་སྔོན་མི་རིགས་སློབ་ཆེན་གྱི་བོད་རིག་པའི་སློབ་གླིང་གི་རྒྱ་བོད་ལོ་ཙཱའི་ཁྲིད་དཔྱོད་ཁང་དང་མཚོ་སྔོན་ཞིང་ཆེན་རྒྱ་བོད་ལོ་ཙཱ་གསོ་སྐྱོང་དང་ཞིབ་འཇུག་ལྟེ་གནས་ཀྱིས་རྒྱ་བོད་ལོ་ཙཱའི་སྐོར་གྱི་མུ་འབྲེལ་འཆད་ཁྲིད་སྤེལ་བ།

མཚོ་སྔོན་མི་རིགས་སློབ་ཆེན་གྱི་རིགས་ལམ་བགྲོ་གླེང་ཚོགས་པའི་ཉི་འོད་ལམ་ལམ་འཛིན་གྲྭ་དང་དེའི་ལོ་འཁོར་གཅིག་གི་བྱ་བའི་སྤྱི་བསྡོམ་བྱ་འགུལ།

མགོ་ལོག་ཁུལ་གངས་ལྗོངས་དར་རྒྱས་ཀུན་སྨན་རྩིས་སློབ་གླིང་གི་བོད་རབ་གནས་ས་ཕོ་ཁྱི་ཡི་ལོ་སྟེ་སྤྱི་ལོ༢༠༡༨ལོའི་སྐབས་བཅུ་དྲུག་པའི་དཔལ་ལྡན་རྒྱུད་བཞིའི་བློ་རྒྱུགས་ཆེན་མོའི་མཛད་སྒོ་དང་བློ་རྒྱུགས་སྐབས་ཀྱི་རྒྱུགས་ར་སོ་སོའི་ཡུལ་དངོས་ཟུར་ཙམ།

ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གིས་༼བོད་ཡིག་སྣ་མང་ཤེས་བྱའི་འགྲན་སྡུར་༽གྱི་བྱེད་སྒོ་སྤེལ་བ།

༼དེང་རབས་དཔལ་འབྱོར་རིག་པ་དང་དོ་དམ་རིག་པའི་བོད་འགྱུར་སློབ་དེབ་དཔེ་ཚོགས་ཀྱི་འགྲེམ་སྤེལ་མཛད་སྒོ་དང་དཔྱད་གླེང་ཚོགས་འདུ་༽ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་རུ་ཚོགས། 

བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་འགྱན་སངས་རྒྱས་དོན་འགྲུབ་ལགས་ཀྱིས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་རུ་༼གངས་ལྗོངས་ཐུབ་བསྟན་གྱི་ལྟ་བའི་གནས་འགྱུར་སྐོར་གྱི་དཔྱད་གླེང་༽ཞེས་པའི་འཆད་ཁྲིད་གནང་བ། 

༡    མིག་གསུམ་པའི་རྩོམ་རིག་གླེང་སྟེགས་ཀྱི་སྣེ་ཁྲིད་དགེ་རྒན་རྨོག་རུ་དོན་གྲུབ་ཚེ་རིང་དང་རྩོམ་པ་པོ་ལྷོ་བ་འགྱུར་མེད་རྡོ་རྗེ། 

༢  ༄༅། །མཚོ་སྔོན་དགེ་འོས་སློབ་ཆེན་བོད་ཡིག་སྡེ་ཁག་གི་མིག་གསུམ་པའི་རྩོམ་རིག་གླེང་སྟེགས་ཀྱི་རྩོམ་རིག་དཔྱད་གླེང་ཚོགས་འདུ་སྐབས་བཅོ་བརྒྱད་པའི་ཡུལ་དངོས།

       ༼ མཛེས་སེ་དང་མཛེས་སེའི་ལྷུག་རྩོམ ༽

༣  མིག་གསུམ་པའི་རྩོམ་རིག་གླེང་སྟེགས་ཀྱི་ཚོགས་མི་ཚོས་བརྩམས་ཆོས་ལ་དཔྱད་གླེང་བྱེད་བཞིན་པའི་རྣམ་པ།

མདོ་འཛིན་པ། གནམ་སྐྱབས་རྒྱལ།

རྩོམ་སྒྲིག་པ། གནམ་སྐྱབས་རྒྱལ།

རྩོམ་འགན་པ། ཚེ་མགོན།

ལྟ་སྐུལ་བ། ལྷ་བརྟན།

སྤྱིའི་ལྟ་སྐུལ་བ། རྣ་བྷ།

རྒྱ་ཆེའི་ཉན་མཁན་རྣམ་པར་བསམ་འཆར་དང་རེ་བ་ཅི་ཡོད་ན་གཤམ་གྱི་འབྲེལ་གནས་འདི་དག་སྦྲེལ་རོགས།


ཁ་པར། 09716329322    13209737776


སྐད་འཕྲིན།  njj169682


ཡིག་ཟམ། niansai@126.com