ཚོགས་སྡེ་ཞིག་གི་འབད་བརྩོན་དང་གྲུབ་འབྲས།
2019.03.08 ཁུངས། ཀློག་གྲངས། 787

སློབ་རའི་གསར་འགྱུར་སྐུད་ལམ།】ཚན་པ་འདིའི་ནང་དུ་མགོ་ལོག་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་རའི་གསར་འགོད་པ་ལྷ་སྐྱབས་རྒྱལ་དང་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་རའི་གསར་འགོད་པ་བློ་བཟང་ཆོས་གྲགས་གཉིས་ཀྱིས་གཟའ་འཁོར་གཅིག་གི་སློབ་རའི་གསར་འགྱུར་སྤེལ་ཡོད།

སློབ་གསོ་མཁས་བརྒྱའི་དཔྱད་གླེང་།】ཚན་པ་འདིའི་ནང་དུ༼ཚོགས་སྡེ་ཞིག་གི་འབད་བརྩོན་དང་གྲུབ་འབྲས༽ཞེས་པའི་གླེང་གཞི་ཞིག་བཀོད་སྒྲིག་བྱས་ཡོད་པ་དང་། གདན་ཞུའི་སྐུ་མགྲོན་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་ཚེ་རིག་ཚོགས་སྡེའི་ཚོགས་གཙོ་དབང་ཆེན་རྒྱལ་དང་ཚོགས་གཙོ་གཞོན་པ་རིན་ཆེན་བྱམས། ཚོགས་གཙོ་གཞོན་པ་སྟག་ལྷ་ཐར་བཅས་ཡིན།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་རྒན་དང་ལས་བཟོ་བས་སློབ་འགོ་གསར་བའི་གྲ་སྒྲིག་ཚོགས་འདུ་བསྡུས་པ། 

མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་ཚེ་རིག་ཚོགས་སྡེ།

མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་ཚེ་རིག་ཚོགས་སྡེའི་ཚོགས་གཚོ་དབང་ཆེན་རྒྱལ་དང་ཚོགས་གཙོ་གཞོན་པ་རིན་ཆེན་བྱམས། ཚོགས་གཙོ་གཞོན་པ་སྟག་ལྷ་ཐར་བཅས་ཀྱིས་ལེ་ཚན་ཐད་གཏོང་ཁང་དུ་གླེང་གཞི་དང་འབྲེལ་བའི་ཁ་བརྡ་བྱེད་བཞིན་པ།

མདོ་འཛིན་པ། གནམ་སྐྱབས་རྒྱལ།

རྩོམ་སྒྲིག་པ། གནམ་སྐྱབས་རྒྱལ།

རྩོམ་འགན་པ། ཚེ་མགོན།

ལྟ་སྐུལ་བ། ལྷ་བརྟན།

སྤྱིའི་ལྟ་སྐུལ་བ། རྣ་བྷ།

རྒྱ་ཆེའི་ཉན་མཁན་རྣམ་པར་བསམ་འཆར་དང་རེ་བ་ཅི་ཡོད་ན་གཤམ་གྱི་འབྲེལ་གནས་འདི་དག་སྦྲེལ་རོགས།


ཁ་པར། 09716329322    13209737776


སྐད་འཕྲིན།  njj169682


ཡིག་ཟམ། niansai@126.com