མཐོ་རྒྱུགས་བྱ་བའི་གྲ་སྒྲིག་སྐོར་གླེང་བ། ཁག་དང་པོ།
2019.03.22 ཁུངས། ཀློག་གྲངས། 1262

སློབ་རའི་གསར་འགྱུར་སྐུད་ལམ།】ཚན་པ་འདིའི་ནང་དུ་གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་སློབ་རའི་གསར་འགོད་པ་ཕྱུག་མོ་དང་། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སློབ་རའི་གསར་འགོད་པ་ཡུམ་སྐྱབས་རྒྱལ་གཉིས་ཀྱིས་སློབ་རའི་གསར་འགྱུར་སྤེལ་ཡོད།

སློབ་གསོ་མཁས་བརྒྱའི་དཔྱད་གླེང་།】ཚན་པ་འདིའི་ནང་དུ་༼མཐོ་རྒྱུགས་བྱ་བའི་གྲ་སྒྲིག་སྐོར་གླེང་བ༽ཞེས་པའི་ཁག་དང་པོ་བཀོད་སྒྲིག་བྱས་ཡོད་པ་དང་། གདན་ཞུའི་སྐུ་མགྲོན་མཚོ་ལྷོ་ཁུལ་ཐུན་ཏེ་རྫོང་སློབ་བསྡུ་ཁང་གི་ཀྲུའུ་རིན་འབྲུག་རྒྱལ་དང་མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་ཅོང་ཆུ་གྲོང་བརྡལ་འབྲུག་དོང་སྡེ་བའི་ཁྱིམ་བདག་བཀྲ་ཤིས་ནོར་བུ། ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་གི་སློབ་གྲོགས་པདྨ་དབང་མོ་བཅས་ཡིན།

ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གི་སློབ་མ་སྲོལ་རྒྱུན་གཙང་མའི་གླུ་གཞས་འགྲན་ཚོགས་ལ་ཞུགས་པ།

ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གི་སློབ་མའི་ཞོགས་འདོན་གྱི་རྣམ་པ།

ཚེས་བཅུ་གཅིག་སྟེ་རེས་གཟའ་ཟླ་བའི་ཉིན་རང་སློབ་གླིང་གི་དགེ་སློབ་ཡོངས་ཀྱིས་བློ་མཐུན་ལས་ཧྥིན་གྱི་བསམ་བློའི་སྙིང་སྟོབས་ལ་སློབ་སྦྱོང་བྱས་པ་དང་བསྟུན་སློབ་རའི་ཕྱི་ནང་གི་ཁོར་ཡུག་ཀུན་ལ་གཙང་སྤྲ་ལེགས་པར་བྱས།

མགོ་ལོག་ཁུལ་གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་སྤྱི་ལོ༢༠༡༩ལོའི་སློབ་སྐབས་གསར་བའི་ནང་སློབ་སྦྱོང་གི་འཆར་གཞི་དང་སྟ་གོན་གྱི་ཚོགས་ཆེན་འཚོགས།   

ལེ་ཚན་འདིའི་གདན་ཞུའི་སྐུ་མགྲོན་ཐུན་ཏེ་རྫོང་སློབ་བསྡུ་ཁང་གི་ཀྲུའུ་རིན་འབྲུག་རྒྱལ།

ལེ་ཚན་འདིའི་གདན་ཞུའི་སྐུ་མགྲོན་ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་དང་པོའི་མཐོ་གསུམ་འཛིན་གཉིས་ཀྱི་སློབ་མ་པདྨ་མ་དབང་མོ།  

ལེ་ཚན་འདིའི་གདན་ཞུའི་སྐུ་མགྲོན་ཐེམ་ཆེན་རྫོང་ཅོང་ཆུ་གྲོང་རྡལ་འབྲུག་དོང་སྡེ་བའི་སྡེ་བའི་ཁྱིམ་བདག་བཀྲ་ཤིས་ནོར་བུ། 

མདོ་འཛིན་པ། གནམ་སྐྱབས་རྒྱལ།

རྩོམ་སྒྲིག་པ། གནམ་སྐྱབས་རྒྱལ།

རྩོམ་འགན་པ། ཚེ་མགོན།

ལྟ་སྐུལ་བ། ལྷ་བརྟན།

སྤྱིའི་ལྟ་སྐུལ་བ། རྣ་བྷ།

རྒྱ་ཆེའི་ཉན་མཁན་རྣམ་པར་བསམ་འཆར་དང་རེ་བ་ཅི་ཡོད་ན་གཤམ་གྱི་འབྲེལ་གནས་འདི་དག་སྦྲེལ་རོགས།


ཁ་པར། 09716329322    13209737776


སྐད་འཕྲིན།  njj169682


ཡིག་ཟམ། niansai@126.com